Signs of irreversibility on the path of seeing
རང་གང་ལ་ལྡན་པའི་བྱང་སེམས་མཐོང་ལམ་པ་དབང་འབྲིང་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་ཡིད་ཆེས་པའི་སྒྲུབ་བྱེད་རྣམ་དག
མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཀྱི་ངོ་བོ།
Entity: A pure proof for believing that the middling faculty Bodhisattva on the path of seeing possessing it in their continuum is irreversible from unsurpassed complete enlightenment.
Divisions: Sixteen special physical and verbal conventions of subsequent attainment induced by the sixteen moments of forbearance and knowledge of meditative equipoise, and designated with those names.
མཉམ་གཞག་ཤེས་བཟོད་ཀྱི་མིང་གིས་བཏགས་ནས་སྟོན་པའི་རྒྱུ་མཚན་ཡོད་དེ།
དེ་རྣམས་མཉམ་གཞག་ཤེས་བཟོད་དེ་དང་དེའི་འབྲས་བུ་ཡིན་པས་དེ་ལྟར་བསྟན་པའི་ཕྱིར།
Reason for designating those with the terms of the forbearances and knowledge of meditative equipoise: due to being their results.
བཏགས་པའི་དགོས་པ་ཡོད་དེ། འཕགས་པ་རྣམས་ཀྱི་རྗེས་ཐོབ་ལུས་ངག་གི་ཐ་སྙད་རྣམས་ནི་རྣམ་པ་ཐམས་ཅད་དུ་མཉམ་གཞག་གི་རྟོགས་པ་དང་མཐུན་པ་ཁོ་ན་ཡིན་ནོ།
ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར།
Purpose for designating: in order to make known that the physical and verbal conventions of Aryas in subsequent attainment exclusively accord with the realisations of meditative equipoise in all aspects.
དངོས་ལ་གནོད་བྱེད་ཡོད་དེ། མཐོང་ལམ་མཉམ་གཞག་བཅུ་དྲུག་པོ་དེ་གང་ཟག་གཞན་ངོར་བྱང་སེམས་མཐོང་ལམ་པ་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་
ཡིད་ཆེས་པའི་སྒྲུབ་བྱེད་དུ་མི་རིགས་པའི་ཕྱིར་ཏེ། རྣལ་འབྱོར་པ་འཕགས་པའི་རྒྱུད་ཀྱི་མཉམ་གཞག་ཤེས་བཟོད་སྐད་ཅིག་མ་རྣམས་རྣལ་འབྱོར་པ་སོ་སོ་རང་གིས་རིག་གི་གདུལ་བྱ་གཞན་གྱིས་མི་རིག་པའི་ཕྱིར།
Harm to actually being that: Those sixteen moments are not suitable as proofs for believing that a bodhisattva on the path of seeing is irreversible from unsurpassed complete enlightenment from the perspective of another person; because the instants of forbearance and knowledge in the continuum of an Arya yogi are only known by the yogi themselves and are not known by other disciples.
True sufferings: Four special physical and verbal conventions of subsequent attainment induced by the four: བཞིས་དྲངས་པའི་རྗེས་ཐོབ་ལུས་ངག་གི་ཐ་སྙད་ཁྱད་པར་ཅན་བཞི།
- Dharma forbearance that turns away from imputations (together with their seeds) of phenomena from forms and up to Buddhahood by way of adherence to true existence wrt all phenomena
ཆོས་ཐམས་ཅད་ལ་བདེན་པར་ཞེན་པའི་སྒོ་ནས་གཟུགས་ནས་སངས་རྒྱས་ཀྱི་བར་གྱི་ཆོས་སུ་བཏགས་པ་ས་བོན་དང་བཅས་པ་ལས་ལྡོག་པའི་
སྡུག་བསྔལ་ཆོས་བཟོད། - Dharma knowledge that stabilises the mind of unsurpassed enlightenment, such that through the blessings of the Buddhas and Bodhisattvas, demons are not able to separate you from mind generation until one attains enlightenment སངས་རྒྱས་བྱང་སེམས་ཀྱི་བྱིན་རླབས་ཀྱིས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བདུད་ཀྱིས་སེམས་བསྐྱེད་ལས་དབྱེ་བར་མི་ནུས་པར་
བླ་མེད་བྱང་ཆུབ་ཀྱི་སེམས་བརྟན་པའི་ཆོས་ཤེས། - Subsequent forbearance that is intent on and inseparable from omniscience and turns away from wishing for the Hearer and Solitary Realiser vehicles, due to having accomplished the special Mahayana dharma of mind generation, wisdom and so forth ཐེག་ཆེན་གྱི་ཆོས་ཁྱད་པར་ཅན་སེམས་བསྐྱེད་དང་ཤེས་རབ་སོགས་བསྒྲུབས་པས་ཉན་རང་གི་ཐེག་པ་འདོད་པ་ལས་སེམས་ལོག་ཅིང་རྣམ་མཁྱེན་ཡིད་བྱེད་དང་མི་འབྲལ་བའི་རྗེས་བཟོད།
- Subsequent knowledge that is able to take birth in accordance with the taming of disciples and not through the power of mundane concentrations, formless absorptions, and absorption of cessation (despite engaging in those) through the force of thoroughly discriminating all phenomena (forms and so forth) to lack truly existent production by means of non-conceptual wisdom
གཟུགས་སོགས་ཀྱི་ཆོས་ཐམས་ཅད་བདེན་པའི་སྐྱེ་བ་མེད་པར་མི་རྟོག་ཡེ་ཤེས་ཀྱིས་རབ་ཏུ་རྣམ་པར་འབྱེད་པའི་མཐུས་འཇིག་རྟེན་པའི་བསམ་གཟུགས་དང་
འགོག་སྙོམས་ལ་འཇུག་ཀྱང་དེ་དག་གི་དབང་གིས་མི་སྐྱེ་བར་སེམས་ཅན་འདུལ་བ་དང་མཐུན་པར་སྐྱེ་བ་འཛིན་ནུས་པའི་རྗེས་ཤེས།
True origins: Four induced by the four: བཞིས་དྲངས་པའི་དེ་བཞི།
- Dharma forbearance of lightness of body and mind due to separation from the heaviness of unworkable body and mind, due to separation from conceptuality in the present life
མཐོང་ཆོས་རྟོག་པ་དང་བྲལ་བ་ཉིད་ཀྱིས་ལུས་སེམས་ལས་སུ་མི་རུང་བའི་ལྕི་བ་དང་བྲལ་བས་ལུས་སེམས་ཡང་བའི་ཀུན་འབྱུང་ཆོས་བཟོད། - Dharma knowledge of utilising the Desire Realm objects of householders without adherence, through the force of skill in the means for taming sentient beings, such as remaining a householder and so forth
ཁྱིམ་ན་གནས་པ་སོགས་སེམས་ཅན་འདུལ་བའི་ཐབས་ལ་མཁས་པའི་མཐུས་མངོན་ཞེན་མེད་པར་ཁྱིམ་གྱི་འདོད་ཡོན་ལ་ཉེ་བར་སྤྱོད་པའི་ཆོས་ཤེས། - Subsequent forbearance of consistent chaste conduct in all lifetimes for the welfare of self and others, without remaining a householder, due to seeing the faults of attachment to householder objects
ཁྱིམ་གྱི་ཡུལ་ལ་ཆགས་པའི་ཉེས་དམིགས་མཐོང་བས་རང་གཞན་དོན་དུ་ཁྱིམ་ན་མི་གནས་པར་ཚེ་རབས་ཐམས་ཅད་དུ་རྟག་ཏུ་ཚངས་པར་སྤྱོད་པའི་རྗེས་བཟོད། - Subsequent knowledge of completely pure livelihood (subdued women and so forth) that is natural for a holy being who has attained mastery wrt not forgetting the mind of enlightenment due to attaining an undistracted mind and complete sense-powers སེམས་མི་གཡེང་བ་དང་དབང་པོ་ཚང་བར་ཐོབ་པས་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ལ་དབང་ཐོབ་པའི་སྐྱེས་བུ་དམ་པའི་ཆོས་ཉིད་དམ་ངང་ཚུལ་གྱིས་འཚོ་བ་ཡོངས་སུ་དག་པ་སྟེ་བུད་མེད་དབང་དུ་སྡུད་པ་སོགས་རྗེས་ཤེས།
True cessations: Four induced by the four: བཞིས་དྲངས་པའི་དེ་བཞི།
- Dharma forbearance: Individually ceasing the sources (aggregates and so forth) for the application adhering to aggregates, constituents, sources, and dependent-arisings as things and the subsequent application of continuous adherence to those; the cessation of abiding in the realisation of emptiness and being without a view of any phenomenon as inferior or superior
ཕུང་ཁམས་སྐྱེ་མཆེད་དང་རྟེན་འབྲེལ་ལ་དངོས་པོར་ཞེན་པའི་སྦྱོར་བ་དང་རྒྱུན་དུ་ཞེན་པའི་རྗེས་སུ་སྦྱོར་བའི་གནས་པ་ཕུང་སོགས་ལ་སོ་སོར་བཀག་སྟེ།
སྟོང་ཉིད་རྟོགས་པ་ལ་གནས་ནས་ཆོས་གང་ལ་ཡང་དམན་མཆོག་ཏུ་ཡང་དག་པར་ལྟ་བ་མེད་པའི་འགོག་པ་ཆོས་བཟོད། - Dharma knowledge: Individually ceasing as before adherence to phenomena that hinder the realisations of the path of seeing and steal one's virtues, just like a thief, to be stealing or non-stealing the class of virtue; cessation of realising those as not established as stealing or non-stealing due to being empty of inherent existence མཐོང་ལམ་གྱི་རྟོགས་པའི་བར་ཆད་བྱེད་པའི་ཆོས་དགེ་བ་འཕྲོག་པས་རྐུན་པོ་ལྟ་བུ་རྣམས་ཀྱི་གཏམ་ལ་དགེ་ཕྱོགས་འཕྲོག་མི་འཕྲོག་ཏུ་ངོ་བོར་ཞེན་པ་སོགས་སྔར་བཞིན་སོ་སོར་བཀག་སྟེ། རང་བཞིན་གྱིས་སྟོང་པས་འཕྲོག་གམ་མི་འཕྲོག་ཏུ་མ་གྲུབ་པར་རྟོགས་པའི་འགོག་པ་ཆོས་ཤེས།
- Subsequent forbearance: Cessation that ceases adherence to things as many and few wrt the words that are the collection of causes for enlightenment and are like an army
བྱང་ཆུབ་ཀྱི་རྒྱུའི་ཚོགས་དམག་ལྟ་བུའི་གཏམ་ལ་མང་ཉུང་དུ་དངོས་པོར་ཞེན་པ་སོགས་བཀག་པའི་འགོག་པ་རྗེས་བཟོད། - Subsequent knowledge: Cessation that individually ceases as before, adherence to things through attachment and aversion or as to be adopted and discarded wrt waging battle between the two: the harming antidote and the harmed object of abandonment གནོད་བྱེད་གཉེན་པོ་དང་གནོད་བྱ་སྤང་བྱ་གཉིས་སུ་གཡུལ་འགྱེད་པ་ལ་ཆགས་སྡང་ངམ་བླང་དོར་དུ་དངོས་པོར་ཞེན་པ་སོགས་སྔར་བཞིན་སོ་སོར་བཀག་པའི་འགོག་པ་རྗེས་ཤེས།
True paths: Four induced by the four: བཞིས་དྲངས་པའི་དེ་བཞི།
- Dharma forbearance that ceases as before, adherence to things such as miserliness and so forth as objects of abandonment due to realisation of the attributes of generosity and so forth devoid of the three spheres
སྦྱིན་སོགས་ཀྱི་ཁྱད་པར་འཁོར་གསུམ་དང་བྲལ་བར་རྟོགས་པས་སེར་སྣ་སོགས་ལ་སྤང་བྱར་དངོས་པོར་ཞེན་པ་སོགས་སྔར་བཞིན་སོ་སོར་བཀག་པའི་ཆོས་བཟོད། - Dharma knowledge that is a realisation of non-observation of even an atom of the dharma of realisation, let alone the great dharmas of being reversible or irreversible from enlightenment, due to perceiving all phenomena as being in the entitiness of the three doors of liberation due to being empty of true existence and established as produced and ceased, and the thoroughly afflicted and completely pure
ཆོས་ཐམས་ཅད་བདེན་པས་སྟོང་ཞིང་སྐྱེ་འགག་དང་ཀུན་བྱང་དུ་གྲུབ་པའི་ཚུལ་གྱིས་རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོ་ཉིད་ཡིན་པར་མཐོང་བས།
རྟོགས་པའི་ཆོས་བྱང་ཆུབ་ཕྱིར་ལྡོག་མི་ལྡོག་གི་ཆོས་ཆེན་པོ་ལྟ་ཞོག་རྡུལ་ཙམ་ཡང་མི་དམིགས་པར་རྟོགས་པའི་ཆོས་ཤེས། - Subsequent forbearance of abiding in one-sided certainty wrt the three knowledges that are in the nature of the three exalted knowers realising bases, paths and aspects as not truly produced, due to attaining belief in one's own level རང་གི་ས་ལ་མངོན་པར་ཡིད་ཆེས་པ་ཐོབ་པས་གཞི་ལམ་རྣམ་གསུམ་བདེན་པའི་སྐྱེ་མེད་དུ་རྟོགས་པའི་མཁྱེན་གསུམ་གྱི་བདག་ཉིད་ཀྱི་རིག་པ་གསུམ་ལ་མཐའ་གཅིག་ཏུ་ངེས་པ་ཉིད་ཀྱིས་གནས་པའི་རྗེས་བཟོད།
- Subsequent knowledge of giving up oneself, one's life, and one's body for the benefit of the dharma that indicates the three exalted knowers and so forth through one-sided striving in the Mahayana and stable excellent mind generation མཐའ་གཅིག་ཏུ་ཐེག་ཆེན་ལ་གཞོལ་ཞིང་ཕུལ་དུ་བྱུང་བའི་སེམས་བསྐྱེད་བརྟན་པ་ཉིད་ཀྱིས་རྣམ་མཁྱེན་ལ་སོགས་པ་སྟོན་པའི་ཆོས་ཀྱི་དོན་དུ་ལུས་ཀྱི་ཕྱོགས་གཅིག་དང་མཐའ་དག་གཏོང་བ་དང་བདག་དང་སྲོག་གཏོང་བའི་རྗེས་ཤེས།
Presentation of faculties-powers
Up a level: Signs of irreversibility