Signs

རང་གི་བདག་རྐྱེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞི་བརྟེན་ནས་དེ་བཞིན་གཤེགས་པའི་ཐུགས་རྒྱུད་ཀྱི་ཡོན་ཏན་རྣམ་དག་གདུལ་བྱ་གཞན་དག་ལ་གོ་བར་བྱེད་པའི་རྣམ་དཀར་གྱི་ཡོན་ཏན། སངས་རྒྱས་ཀྱི་དཔེ་བྱད་ཀྱི་ཡོན་ཏན་གྱི་མཚན་ཉིད།
Definition of a Buddha's Sign: A completely white qualities that makes other disciples understand the pure qualities in the continua of Tathagatas in dependence upon the mind of an actual concentration that is its empowering condition.

Divisions of Signs: (80) དཔེ་བྱད་ལ་དབྱེ་ན་བརྒྱད་ཅུ་ཡོད་དེ།

  1. Copper colour nails ལོངས་སྐུའི་སེན་མོ་ཟངས་ཀྱི་མདོག་ལྟ་བུ་དང་།
  2. Nails are glossy སེན་མོའི་མདོག་སྣུམ་པ་དང་།
  3. Nails are raised without unevenness སེན་མོ་ཤང་ཤོང་མེད་པར་མཐོ་བ་དང་།
  4. Digits are round སོར་མོ་རྣམས་ཟླུམ་པ་དང་།
  5. Digits are broad སོར་མོ་རྣམས་རྒྱས་པ་དང་།
  6. Digits are regular སོར་མོ་བྱིན་གྱིས་ཕྲ་བ་དང་།
  7. Blood vessels of the body are not prominent from the outside ལུས་ཀྱི་རྩ་ཕྱི་ནས་མི་མངོན་པ་དང་།
  8. No knots in the blood vessels རྩ་ལ་མདུད་པ་མེད་པ་དང་།
  9. Smaller ankles that are not prominent ཞབས་ཀྱི་ལོང་བུ་ཆུང་བ་མི་མངོན་པ་དང་།
  10. Legs are of the same length ཞབས་རིང་ཐུང་མེད་པར་མཉམ་པ་སྟེ་བཅུ་དང་།
  11. Moving like a lion སེང་གེའི་སྟབས་སུ་གཤེགས་པ་དང་།
  12. Moving like an elephant གླང་པོ་ཆེའི་སྟབས་སུ་གཤེགས་པ་དང་།
  13. Moving through the sky like a swan ངང་པ་ལྟར་ནམ་མཁར་གཤེགས་པ་དང་།
  14. Leading sentient beings to their desired places like a bull
    ཁྱུ་མཆོག་གི་སྟབས་སུ་སེམས་ཅན་གྱི་སྣ་འདྲེན་པར་འདོད་པའི་གནས་སུ་གཤེགས་པ་དང་།
  15. Turning and moving from the right གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་དང་།
  16. Moving elegantly མཛེས་པར་གཤེགས་པ་དང་།
  17. Moving unwaveringly མི་གཡོ་བར་གཤེགས་པ་དང་།
  18. Body is graceful due to being well-developed and properly poised
    ཤ་རྒྱས་ཤིང་འགྱིང་ལེགས་པས་སྐུ་འཁྲིལ་བག་ཆགས་པ་དང་།
  19. Body is hygienic due to being clean and pure གཙང་ཞིང་དག་པས་སྐུ་བྱི་དོར་བྱས་པ་ལྟ་བུ་དང་།
  20. Body is well-proportioned due to the height, girth etc. are not disproportionate
    སྐུ་རིང་ཐུང་དང་ཕྲ་སྦོམ་སོགས་ཐད་ཀར་མ་འཆོལ་བས་རིམ་པར་འཚམས་པ་སྟེ་བཅུ་དང་།
  21. Body is clean due to being completely pure སྐུ་རྣམ་པར་དག་པས་གཙང་བ་དང་།
  22. Body is soft སྐུ་འཇམ་པ་ཉིད་དང་།
  23. Body possesses purity སྐུ་རྣམ་པར་དག་པ་ཉིད་དང་ལྡན་པ་དང་།
  24. Marks are complete མཚན་རྫོགས་པ་དང་།
  25. Body and limbs are broad སྐུའི་ཁྱོན་ཆེ་ཞིང་ཁོ་ལག་ཡངས་པ་དང་།
  26. Even strides གོམ་པ་ཆེ་ཆུང་མེད་པས་སྙོམས་པ་དང་།
  27. Both eyes are clear and without spots སྤྱན་གཉིས་ར་རི་སོགས་མེད་པར་དག་པ་དང་།
  28. Youthful body སྐུ་ཤིན་ཏུ་གཞོན་ཤ་ཅན་དང་།
  29. Body is not skinny སྐུ་ཤ་ཞུམ་པ་མེད་པ་དང་།
  30. Body is broad སྐུ་ཤ་རྒྱས་པ་སྟེ་བཅུ་དང་།
  31. Body is firm due to not being flabby སྐུ་ཤ་མི་ལྷོད་པས་སྐུ་ཤིན་ཏུ་གྲིམ་པ་དང་།
  32. Limbs (arms, legs, etc.) and minor limbs (fingers etc.) are well-proportioned by way of length etc.
    ཕྱག་ཞབས་སོགས་ཡན་ལག་དང་སོར་ཚིགས་སོགས་ཉིང་ལག་རིང་ཐུང་སོགས་ཆ་ཕྱེད་པས་ཤིན་ཏུ་རྣམ་པར་འབྱེས་པ་དང་།
  33. Sight is clear and without the myodesopsia of adventitious stains
    གཟིགས་པ་གློ་བུར་གྱི་དྲི་མའི་རབ་རིབ་མེད་པར་རྣམ་པར་དག་པ་དང་།
  34. Round abdomen སྐུའི་ཕྱལ་ཟླུམ་བ་དང་།
  35. Moderate waistline སྐེད་སྐབས་འཚམ་པས་དཀུ་སྐབས་ཕྱིན་པ་དང་།
  36. Waist is not too long so the hips are not protruding རྐེད་པ་ཧ་ཅང་མི་རིང་བས་སྐུ་མ་རྙོངས་པ་ཉིད་དང་།
  37. Abdomen is flat སྐུའི་ཕྱལ་ཕྱང་ངེ་བ་མཐོ་དམན་མེད་པ་དང་།
  38. Naval is deep ལྟེ་བ་གཏིང་ཟབ་པ་དང་།
  39. Naval's pattern is clockwise ལྟེ་བའི་རི་མོ་གཡས་ཕྱོགས་སུ་འཁྱིལ་བ་དང་།
  40. All mannerism possesses beauty སྤྱོད་ལམ་ཀུན་ནས་མཛེས་པ་དང་ལྡན་པ་སྟེ་བཅུ་དང་།
  41. Clean behaviour of the three doors སྒོ་གསུམ་གྱི་ཀུན་སྤྱོད་གཙང་བ་དང་།
  42. No moles or black spots on the body སྐུ་ལ་སྨེ་བ་དང་ནག་བགས་མེད་པ་དང་།
  43. Hands are soft like cotton ཕྱག་ཤིང་བལ་ལྟར་འཇམ་པ་དང་།
  44. Lines of the palms are of clear complexion ཕྱག་གི་རི་མོ་མདངས་གསལ་བ་དང་།
  45. Lines of the palms are deep ཕྱག་གི་རི་མོ་ཟབ་པ་དང་།
  46. They are long དེ་རིང་བ་དང་།
  47. Face is not too long ཞལ་ཧ་ཅང་མི་རིང་པ་དང་།
  48. Lips that reflect forms and are red like the bimba fruit ཞལ་ལ་གཟུགས་ཀྱི་གཟུགས་བརྙན་སྣང་བ་མཆུ་བིམ་པ་ལྟར་དམར་བ་དང་།
  49. Tongue is soft ལྗགས་མཉེན་པ་དང་།
  50. Tongue is smooth ལྗགས་སྲབ་པ་སྟེ་བཅུ་དང་།
  51. Tongue is red ལྗགས་དམར་བ་དང་།
  52. Thunderous voice གསུང་འབྲུག་གི་སྒྲ་དང་ལྡན་པ་དང་།
  53. Voice is pleasant and soft གསུང་སྙན་ཅིང་མཉེན་ལ་འཇམ་པ་དང་།
  54. Canines are round མཆེ་བ་ཟླུམ་པ་དང་།
  55. Canines are sharp མཆེ་བ་རྣོ་བ་དང་།
  56. Canines are white མཆེ་བ་དཀར་བ་དང་།
  57. Canines are even མཆེ་བ་རིང་ཐུང་མེད་པར་མཉམ་པ་དང་།
  58. Canines are regular མཆེ་བ་བྱིན་གྱིས་ཕྲ་བ་དང་།
  59. Nose is prominent ཤངས་གཟིངས་མཐོ་པ་དང་།
  60. Nose is clean due to being pure of mucus etc. ཤངས་སྣབས་སོགས་ཀྱིས་དག་པའི་གཙང་བ་སྟེ་བཅུ་དང་།
  61. Eye are wide སྤྱན་ཡངས་པ་དང་།
  62. Eyelashes are beautiful and thick རྫི་མ་མཛེས་ཤིང་སྟུག་པ་དང་།
  63. Defined eyes without mixing of the black and white, like the complete petals of a lotus
    སྤྱན་དཀར་ནག་མ་འདྲེས་པར་འབྱེས་ཤིང་པདྨའི་འདབ་མ་རྫོགས་པ་ལྟ་བུ་དང་།
  64. Eyebrows are long སྨིན་ཚུགས་རིང་བ་དང་།
  65. Eyebrows are soft སྨིན་མ་འཇམ་པ་དང་།
  66. Eyebrows are glossy སྨིན་མ་སྣུམ་པ་དང་།
  67. The hairs of the eyebrows are even སྨིན་མའི་སྤུ་རིང་ཐུང་མེད་པས་མཉམ་པ་དང་།
  68. Arms are long and broad ཕྱག་རིང་ཞིང་རྒྱས་པ་དང་།
  69. Ears are even, not long or short, not big or small སྙན་རིང་ཐུང་དང་ཆེ་ཆུང་མེད་པར་མཉམ་པ་དང་།
  70. Ear sense-powers are unimpaired wrt engaging sounds etc.
    སྒྲ་ལ་འཇུག་པ་བྱེད་པ་སོགས་སྙན་གྱི་དབང་པོ་མ་ཉམས་པ་སྟེ་བཅུ་དང་།
  71. Hairline is well-defined since it is distinguished from the forehead
    དཔྲལ་བ་ལེགས་པར་འབྱེས་པས་སྐྲ་མཚམས་ལེགས་པར་དོད་པ་དང་།
  72. Forehead is broad དཔྲལ་བ་དབྱེས་ཆེ་བས་རྒྱས་པ་དང་།
  73. Head is broad like a parasol དབུ་གདུགས་ལྟར་ཤིན་ཏུ་རྒྱས་པ་དང་།
  74. Hair is black like flies དབུ་སྐྲ་བུང་བ་ལྟར་གནག་པ་དང་།
  75. Hair is thick and without baldness དབུ་སྐྲ་བར་མཚམས་མེད་པར་སྟུག་པ་དང་།
  76. Hair is soft དབུ་སྐྲ་འཇམ་པ་དང་།
  77. Hair is not tangled དབུ་སྐྲ་མ་འཛིངས་པ་དང་།
  78. Hair is not coarse or bristly དབུ་སྐྲ་མི་རྩུབ་ཅིང་མི་བཤོར་བ་དང་།
  79. Hair is nice smelling དབུ་སྐྲ་དྲི་ཞིམ་པ་དང་།
  80. Displaying: Vajras and endless knots on the thumbs and big toes, square patterns of auspiciousness on the palms of those, and at their edges (on the third finger and so forth of the feet) are swastikas ornamented with the seven patterns turning clockwise. It is also said there is an endless knot at the heart.
    ཕྱག་དང་ཞབས་ཀྱི་མཐེ་བོང་ལ་རྡོ་རྗེའི་རི་མོ་ལྟ་བུ་དཔལ་གྱི་བེའུ་དང་དེ་གཉིས་ཀྱི་མཐིལ་ལ་རི་མོ་གྲུ་བཞི་པའི་བཀྲ་ཤིས་དང་དེའི་མཐའ་སྲིན་ལག་ལ་སོགས་པའི་ཞབས་ན་རི་མོ་བདུན་གཡས་སུ་འཁྱིལ་བའི་རྒྱན་གཡུང་དྲུང་འཁྱིལ་པས་བསྟན་པ་དང་བཅུ་སྟེ་བརྒྱད་ཅུར་ཡོད་པའི་ཕྱིར།
    དཔལ་བེའུ་ཐུགས་ན་ཡོད་པར་གསུངས་པ་ཡང་ཡོད་དོ།

Up a level: Individual explanations of the Marks and Signs