Subjective aspects

མཁྱེན་གསུམ་གང་རུང་གི་རྣམ་པ་ཤར་བའི་སྒོ་ནས་སྒོམ་པར་བྱེད་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར།
སེམས་དཔའི་རྒྱུད་ཀྱི་གཉེན་ཕྱོགས་ཤེས་རྣམ་གྱི་མཚན་ཉིད་ཡིན།
Definition of a subjective aspect of the antidote class in a Bodhisattva's continuum: A Bodhisattva yoga conjoined with the wisdom that functions to cultivate any of the aspects of the three exalted knowers by way of their dawning [to the consciousness].

Divisions:

  1. Subjective aspects of a knower of bases (27) གཞི་ཤེས་ཀྱི་ཤེས་རྣམ།
  2. Subjective aspects of a knower of paths (36) ལམ་ཤེས་ཀྱི་ཤེས་རྣམ།
  3. Subjective aspects of an exalted knower of all aspects (110) རྣམ་མཁྱེན་གྱི་ཤེས་རྣམ།

རང་གི་མི་མཐུན་ཕྱོགས་འཇོམས་པར་ནུས་པའི་མཁྱེན་པ། སྐབས་འདིར་བསྟན་གྱི་གཉེན་ཕྱོགས་ཤེས་རྣམ་གྱི་མཚན་ཉིད་ཡིན།
Definition of a subjective aspect of the antidote class indicated in this context: An exalted knower that is able to eliminate its discordant class.
This should be connected with the above definition.


འདིར་བསྟན་བསྒོམ་བྱའི་རྣམ་པ་ལ་གཉིས་སུ་ཡོད་དེ།
དེ་ལ་རྟོགས་བྱ་བདེན་བཞི་དང་རྟོགས་པ་པོ་མཁྱེན་གསུམ་ལ་ཡོད་པའི་ཆོས་ཀྱི་ཁྱད་པར་གྱིས་དོན་རྣམ་དང་ཤེས་རྣམ་གཉིས་སུ་ཡོད་པའི་ཕྱིར།
In this context, there are two types of aspects to be cultivate:

  1. Object-aspects - the four truths that are to be realised
  2. Subjective-aspects - the three exalted knowers that realise [those]

ཤེས་རྣམ་བརྒྱ་བདུན་ཅུ་རྩ་གསུམ་གྱིས་དོན་རྣམ་བརྒྱ་དོན་གསུམ་ལ་སྒྲོ་འདོགས་བཅད་ནས་བསྒོམ་པར་བྱ་བ་ཡིན་པས།
དོན་རྣམ་དང་ཤེས་རྣམ་གཉིས་ཀ་བསྒོམ་པར་བྱ་བ་ཡིན་ཏེ། དཔེར་ན་འདུས་བྱས་མི་རྟག་པར་སྒོམ་པ་ན་དེ་རྟོགས་པའི་བློ་སྒོམ་པ་བཞིན་ཡིན་པའི་ཕྱིར།
འོན་ཀྱང་འདིར་བསྒོམ་བྱའི་གཙོ་བོ་ཤེས་རྣམ་ལ་བཞེད།
Mode of cultivation:
The aspects are cultivated through the 173 subjective aspects eliminating superimposition wrt the 173 object aspects. Therefore, both the subjective and object aspects are cultivated because it is just as when familiarising with compounded phenomena being impermanent the awareness realising that is being cultivated, for example.
However, in this context, the main object of cultivation are asserted to be the subjective aspects.


Contaminated/Uncontaminated

ཉན་ཐོས་འཕགས་པའི་རྒྱུད་ཀྱི་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་ལ་ཉོན་མོངས་པའི་ཟག་པ་མེད་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།
ཉན་ཐོས་སློབ་པ་འཕགས་པས་ཉོན་སྒྲིབ་སྤང་བྱའི་གཙོ་བོར་བྱེད་པས་དེ་ལྟར་བརྗོད་པའི་ཕྱིར།
Reason for calling the 27 aspects of a knower of bases in the continua of Hearer Aryas "without contamination of afflictions": Due to Hearer Learner Aryas taking the afflictive obscurations as their main object of abandonment.

བྱང་སེམས་འཕགས་པའི་རྒྱུད་ཀྱི་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་ལ་ཉོན་མོངས་པའི་ཟག་པ་དང་བཅས་པ་ཞེས་བཏགས་ནས་སྟོན་པའི་རྒྱུ་མཚན་ཡོད་དེ།
བྱང་སེམས་འཕགས་པས་ཉོན་སྒྲིབ་སྤང་བྱའི་གཙོ་བོར་བྱས་ནས་མི་སྤོང་བའི་ཕྱིར།
Reason for indicating the 27 aspects of a knower of bases in the continua of Arya Bodhisattvas with the designation "together with the contamination of afflictions": Due to Arya Bodhisattvas not abandoning afflictive obscurations through taking them as their main object of abandonment.

བྱང་སེམས་འཕགས་པའི་རྒྱུད་ཀྱི་ལམ་ཤེས་ཀྱི་རྣམ་པ་སོ་དྲུག་ལ་ཉོན་མོངས་པའི་ཟག་བཅས་སུ་བཏགས་ནས་སྟོན་པའི་རྒྱུ་མཚན་ཡོད་དེ། རྟགས་དེའི་ཕྱིར།
Same reason for indicating the 36 aspects of a knower of paths in the continua of Arya Bodhisattvas with the designation "together with the contamination of afflictions".

རྣམ་མཁྱེན་གྱི་ཤེས་རྣམ་བརྒྱ་དང་བཅུ་ཆོས་ཅན། ཟག་མེད་ཁོ་ན་ཡིན་ཏེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར།
The subject - the 110 aspects of an exalted knower of all aspects - they are exclusively uncontaminated because of having abandoned the two obscurations together with their imprints.


Up a level: Perfection of Wisdom