Subsuming the eight categories
མངོན་རྟོགས་བརྒྱད་ཀྱི་རིམ་པ་བརྒྱད་དུ་ཕྱེ་ནས་བསྟན་པའི་འོག་ཏུ། དོན་དྲུག་ཏུ་བསྡུས་ནས་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ།
དོན་གྱིས་སྤྲོས་པ་བར་མ་ལ་དགའ་བ་རྣམས་རྗེས་སུ་བཟུང་བའི་ཆེད་ཡིན་པའི་ཕྱིར།
The subject - indicating a summary into six after having indicated the eight clear realisations - there is a purpose: it is in order to take care of those who like middling elaborations of meaning.
མངོན་རྟོགས་རྒྱན་གྱི་བརྗོད་བྱ་ཆོས་ཅན། ཁྱོད་ལ་དྲུག་ཏུ་བསྡུ་བར་རུང་སྟེ། མཚན་ཉིད་དེ་གཏན་ལ་དབབ་བྱ་མཁྱེན་པ་གསུམ། ཉམས་ལེན་སྦྱོར་བ་བཞི་དང་།
རྣམ་མཁྱེན་ཏེ་འབྲས་བུ་ཆོས་སྐུ་དང་དྲུག་ཏུ་འདུས་པའི་ཕྱིར།
The subject - the subject matter of the Ornament for Clear Realisations - it is suitable to include those in six because they are included in the six:
- The characteristics (to be settled) are the three exalted knowers (1)
- The practices are the four applications (4)
- The exalted knower of all aspects (the resultant Dharmakaya) (1)
མངོན་རྟོགས་ཀྱི་རིམ་པ་དྲུག་ཏུ་བསྡུས་ནས་གསུངས་པའི་འོག་ཏུ། དོན་གསུམ་དུ་བསྡུས་ནས་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ།
དོན་གྱི་སྤྲོས་པ་མདོར་བསྡུས་པ་ལ་དགའ་བའི་གདུལ་བྱ་རྗེས་སུ་བཟུང་བའི་ཆེད་དུ་ཡིན་པའི་ཕྱིར།
The subject - indicating a summary into three after having indicated the summary of the clear realisations into six - there is a purpose: it is in order to take care of disciples who like brief elaborations of meaning.
མངོན་རྟོགས་རྒྱན་གྱི་བརྗོད་བྱ་ཆོས་ཅན། ཁྱོད་ལ་གསུམ་དུ་དབྱེ་བར་རུང་སྟེ། ཡུལ་ལ་འཇུག་པ་མཁྱེན་གསུམ། ཉམས་ལེན་སྦྱོར་བཞི།
འབྲས་བུ་ཆོས་སྐུ་རྣམས་སུ་ཡོད་པའི་ཕྱིར།
The subject the subject matter of the Ornament for Clear Realisations - it is suitable to divide those into three:
- The three exalted knowers - engagement in objects
- The four applications - the practices
- The resultant Dharmakaya
See: Five branches of explanation
རྒྱས་འབྲིང་བསྡུས་གསུམ་གྱི་ཚིག་རྒྱས་བསྡུས་ལ་དགའ་བའི་གདུལ་བྱ་ལ་དབང་པོ་རྣོ་འབྲིང་རྟུལ་གསུམ་གྱིས་ཁྱད་པར་གསུངས་པ་ཡིན་ལ།
ཡུམ་རེ་རེ་ལ་བསྡུས་དོན་གསུམ་གསུམ་དུ་མཛད་པ་ནི་དབང་པོ་རྣོ་རྟུལ་གྱི་ཁྱད་པར་མ་ཡིན་ཡང་།
དོན་གྱི་སྤྲོས་པ་རྒྱས་འབྲིང་བསྡུས་པ་ལ་དགའ་བའི་གདུལ་བྱའི་དབང་དུ་བྱས་པ་ཡིན་ཞེས་ཟེར་བ་ཡང་མི་རིགས་ཏེ།
Objection: The disciples who like the lengths of the extensive, middling, and brief are explained as different by way of being sharp, middling, and dull faculties; however, having three sets of summarised meanings [i.e. 8, 6, and 3] in each Mother is not a difference in faculty, rather it is in terms of disciples who like extensive, middling, and brief elaborations of meaning.
ཡུམ་རེ་རེ་ལ་བསྡུས་དོན་གསུམ་གསུམ་དུ་མཛད་པ་ནི་དོན་གྱི་སྤྲོས་པ་རྒྱས་འབྲིང་བསྡུས་པ་ལ་དགའ་བའི་གདུལ་བྱའི་ཆེད་དུ་མཛད་པ་ཡིན་ན།
དེ་གདུལ་བྱ་དབང་པོ་རྣོ་རྟུལ་གྱི་ཆེད་དུ་མཛད་པ་ཡིན་དགོས་པའི་ཕྱིར།
This is incorrect because: If having three sets of summarised meanings [i.e. 8, 6, and 3] in each Mother is done for the benefit of disciples who like elaborate, middling, and brief elaborations of meaning, then that is necessarily done for the benefit of disciples of differing faculties.
ཡུམ་རེ་རེ་ལ་བསྡུས་དོན་གསུམ་གསུམ་དུ་མཛད་པ་དེ། བསྡུས་དོན་ལུས་རྣམ་གཞག་གི་ཚིག་མང་ཉུང་གི་ཁྱད་པར་ཙམ་དུ། ཟད་པ་ཡིན་ན།
ལམ་ཤེར་ཕྱིན་དང་། འབྲས་བུ་ཤེར་ཕྱིན་ཅེས་བསྡུས་དོན་གཉིས་སུ་བསྡུ་རིགས་པར་ཐལ། དམ་བཅའ་དེའི་ཕྱིར།
If having three sets of summarised meanings [i.e. 8, 6, and 3] in each Mother is just a difference in the lengths of the overview (summarised meaning), then it would be appropriate to subsume into two categories (path and resultant perfections of wisdom) because of that assertion.
བརྒྱད་སྟོང་པ་ལྟ་བུའི་གདུལ་བྱ་གསུམ་ག་ལ་ཡང་ཚིག་དོན་རྫོགས་པར་འཆད་དགོས་པ་ལ་ནི་ཁྱད་པར་མེད་ལ།
དེ་ཡང་ཚིག་དོན་མཐའ་དག་ལ་རིགས་པས་སྒྲོ་འདོགས་ཆོད་པའི་ཚུལ་གྱིས་ངེས་པ་སྐྱེད་པར་བྱེད་པ་ཡིན་ལ།
There is no difference regarding the necessity of explaining the exegesis in its entirety to all three disciples of the Eight Thousand (for example); moreover, that generates certainty wrt the complete exegesis by way of eliminating superimpositions through reasoning.
བསྡུས་དོན་མི་འདྲ་བ་གསུམ་བཤད་པ་ནི། དང་པོར་བསྡུས་དོན་དེ་ཙམ་ཞིག་བཤད་པ་ན། ཡན་ལག་རྒྱས་བཤད་ཀྱི་དོན་རགས་པ་རྣམས་ལ་ངེས་པ་འདྲེན་ནུས་པ་དང་།
མི་ནུས་པའི་ཁྱད་པར་ཤེས་པར་བྱའོ།
Regarding the explanation of three different summarised meanings: If initially just those summarised meanings are explained, then there is a difference between being able to or not being able to induce certainty wrt the coarse meaning of the extensive explanation of the sections.
དཔེར་ན་ཁྱིམ་ན་གནས་པའི་ཚེ། རྒྱུ་མཚན་མ་མཐོང་བཞིན་དུ་ཁྲོན་པ་རྙིང་པ་དེ་ན་ཆུ་ཡོད་སྙམ་པ་དང་། ཆུ་ཚད་མས་རྟོགས་པའི་ཁྱད་པར་བཞིན་ནོ།
For example, it is like the difference between thinking there is water in an old well without a reason (while staying indoors) and realising the water with valid cognition.
ལུས་རྣམ་གཞག་གི་ཚུལ་ལ་ཚིག་མང་ཉུང་གི་ཁྱད་པར་ཡིན་གྱིས་དོན་མང་ཉུང་གི་ཁྱད་པར་མ་ཡིན་ལ་ཡན་ལག་རྒྱས་བཤད་ལ་ནི་ཁྱད་པར་མེད་དོ།
Regarding the mode of presenting the overview: a difference in length does not [create] a difference in the amount of meaning and there is not difference wrt the extensive explanation of the sections.
འོ་ན། ལུས་གཉིས་སུ་བསྡུས་པའི་ཉེས་པ་འདི་ལ་ཡང་མཚུངས་སོ། །ཞེ་ན་མི་མཚུངས་ཏེ།
དེ་ཙམ་གྱིས་ཡན་ལག་རྒྱས་བཤད་ཀྱི་ཚིག་དོན་རགས་པ་ལ་ཡིད་དཔྱོད་འདྲེན་ནུས་ན་མདོ་ལས་འདི་ལྟ་བུའི་རྒྱས་བཤད་དང་བསྡུས་བཤད་ལ་ལྟོས་མི་དགོས་པའི་ཕྱིར།
Well then, shouldn't this be the same also for the fault of summarising the text into two?
It is not the same because if just that was able to induce a correct assumption wrt the coarse exegesis of the extensive explanation of the sections, then it would not be necessary to rely upon such brief and extensive explanations from the sutra.
Up a level: Perfection of Wisdom