Summary of first three chapters

མཁྱེན་གསུམ་རྒྱས་པར་བཤད་པའི་མཇུག་དེ་མ་ཐག་ཏུ་མཁྱེན་གསུམ་གྱི་མཇུག་བསྡུ་མཛད་པའི་རྒྱུ་མཚན་ཡོད་དེ། ཚན་པ་གསུམ་པོ་འདི་ཙམ་གྱིས་ཀྱང་
ཐར་པ་དང་ཐམས་ཅད་མཁྱེན་པ་དོན་དུ་གཉེར་བའི་སྐྱེས་བུའི་འདོད་དོན་ཐམས་ཅད་སྒྲུབ་ནུས་སོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར།
There is a reason for giving a summary of the three exalted knowers immediately after the extensive explanation of the three exalted knowers: because just these three sections are able to accomplish all the goals of beings striving towards liberation and omniscience.

མཁྱེན་གསུམ་ལ་མཇུག་བསྡུ་མཛད་ནས་མངོན་རྟོགས་གཞན་ལ་དངོས་སུ་མི་མཛད་པའི་རྒྱུ་མཚན་ཡོད་དེ། མཁྱེན་གསུམ་ནི་མངོན་པར་རྟོགས་པ་བརྒྱད་ཀྱི་
དོན་མཐའ་དག་སྡུད་པར་བྱེད་པ་ཉིད་ཀྱི་གཙོ་བོ་ཡིན་པས། དེ་ལ་མཇུག་སྡུད་མཛད་པས་མངོན་རྟོགས་གཞན་རྣམས་ལ་ཡང་དོན་གྱིས་གོ་བར་འགྱུར་བའི་ཕྱིར།
There is a reason as summary is given for the three exalted knowers but not explicitly given for the other clear realisations: because the three exalted knowers are principal, in terms of subsuming the meaning of all eight clear realisations in their entirety. Therefore, by giving a summary of those, the other clear realisations will also be understood implicitly.


Up a level: Perfection of Wisdom