Ten totalities
རང་གི་བདག་རྐྱེན་དུ་གྱུར་པའི་དངོས་གཞིའི་སེམས་ལ་བརྟེན་ནས་རང་གི་དམིགས་ཡུལ་ཇི་ལྟར་བཞེད་པ་ལྟར་སྤྲོ་བར་ནུས་པས་རབ་ཏུ་ཕྱེ་བའི་རིག་པ།
ཟད་པར་གྱི་སྐྱེ་མཆེད་ཀྱི་ངོ་བོ།
Entity: A knower distinguished by the ability to emanate its objects of observation in accordance with one's wishes in dependence upon the mind of an actual [concentration or absorption] that is its empowering condition.
དེ་ལ་ཤེས་རབ་དང་ཏིང་ངེ་འཛིན་ཅི་རིགས་སུ་ཡོད།
It can be either wisdom or concentration.
Divisions: Concentrations of the: ཏིང་ངེ་འཛིན།
- Totality of earth ཟད་པར་ས།
- Totality of water ཟད་པར་ཆུ།
- Totality of fire ཟད་པར་མེ།
- Totality of wind ཟད་པར་རླུང་།
- Totality of blue ཟད་པར་སྔོན་པོ།
- Totality of yellow ཟད་པར་སེར་པོ།
- Totality of red ཟད་པར་དམར་པོ།
- Totality of white ཟད་པར་དཀར་པོ།
- Totality of space ཟད་པར་ནམ་མཁའ།
- Totality of consciousness ཟད་པར་རྣམ་ཤེས།
Gyaltsab:
- 1-4: Four elements འབྱུང་བ་བཞི།
- 5-8: Arisen from elements འབྱུང་འགྱུར་བཞི།
Mental supports:
- First eight arise in dependence upon an actual fourth concentration
དང་པོ་བརྒྱད་བསམ་གཏན་བཞི་པ་དང་། - Last two arise in dependence upon the first two actual formless absorptions (respectively)
ཐ་མ་གཉིས་གཟུགས་མེད་དང་པོ་གཉིས་ཀྱི་དངོས་གཞི་ལ་བརྟེན་ནས་སྐྱེ་བ་ཡིན།
སྔར་སྦྱང་བ་བྱས་པས་འགྲུབ་ཚུལ། སྔར་གོམས་པར་བྱས་པས་ནི་སོ་སོའི་དམིགས་རྟེན་མཐོང་བ་ཙམ་གྱིས་དེ་དང་དེའི་ཏིང་ངེ་འཛིན་མངོན་དུ་འགྱུར་བ་ཡིན་ཏེ།
Mode of accomplishment for those previously trained: Through merely perceiving their individual object-support, such and such a concentration manifests. Thereby: འདི་ལྟར།
- Through merely seeing water (in a waterfall etc.) the concentration of the totality of water arises without effort; ཆུ་ཀླུང་སོགས་སུ་ཆུ་མཐོང་བ་ཙམ་ལས་འབད་པ་མ་བྱས་པར་ཟད་པར་ཆུའི་ཏིང་ངེ་འཛིན་འབྱུང་ངོ་།
- Similarly, by merely looking at a forest fire with billowing smoke, bamboo stirred by the wind, or the leaves in trees and so forth, thinking "The wind is moving in this place." དེ་བཞིན་དུ་ནགས་ཀྱི་མེ་འབར་ཞིང་དུ་བ་འཐུལ་བ་དང་། རླུང་གིས་བསྐྱོད་པའི་འོད་མ་དང་འཁྲི་ཤིང་གི་ལོ་མ་ལ་སོགས་པ་རྣམས་ལ་རླུང་འདི་ནི་གནས་འདིར་རབ་ཏུ་རྒྱུ་བ་ཡིན་ནོ། །ཞེས་ཀུན་ཏུ་ལྟ་བ་ཙམ་དང་།
- Also, flowers, jewels, and clothing that are blue, yellow, red, and white;
མེ་ཏོག་དང་། ནོར་བུ་དང་གོས་ལ་སོགས་པ་སྔོན་པོ་བཏིང་བ་དང་། དེ་དག་ཉིད་སེར་པོ་དང་། དམར་པོ་དང་། དཀར་པོར་གྱུར་པ་དང་། - Also, lead, silver, the moon-disc, or seeing spots of light on the ground from moonlight and sunlight among the tree leaves coming in through the window; ཚོན་མོ་སྟེང་དངུལ་ཟླ་བའི་དཀྱིལ་འཁོར་སོགས་དང་།
སྐར་ཁུང་ནང་ན་ཤིང་གི་ལོ་མའི་གསེབ་ནས་ཟླ་བ་དང་ཉི་འོད་བྱུང་བས་ས་གཞི་ལ་སྐྱེད་པའི་འོད་ཀྱི་ཐིག་ལེ་ལ་ལྟ་བ་དང་། - When seeing the window and holes in walls...
སྐར་ཁུང་དང་རྩིག་པའི་བུ་ག་མཐོང་བ་ན་རིམ་པ་ལྟར་ཟད་པར་མེ་ལ་སོགས་པའི་ཏིང་ངེ་འཛིན་མངོན་དུ་འགྱུར་རོ།
མ་བྱས་པའི་སྦྱོང་ཚུལ་ལ་གཉིས། དང་པོ་ནི། དམིགས་རྟེན་བྱེད་ཚུལ།
Mode of training for those who have not: In terms of the object-support:
- Properly filling a clean vessel with pure water free from any colours;
སྔོན་པོ་སོགས་ཀྱི་ཁ་དོག་གི་དབྱེ་བ་དང་བྲལ་བའི་ཆུ་དྲི་མ་མེད་པས་སྣོད་གཙང་མ་ལེགས་པར་བཀང་བ་དང་། - Lighting a fire by cutting and heaping firewood (together with oil and a wick) in an appropriate place (under a tree or a guesthouse) that is surrounded by walls, with an opening of 1.25 hand-spans: below is the wood, above is the smoke, and in the middle the fire burns. སྣུམ་ཞིང་སྙིང་པོ་དང་བཅས་པའི་ཤིང་དུམ་བུར་གཏུབ་ནས་
ཤིང་དྲུང་ངམ་མགྲོན་ཁང་ཡང་རུང་སྟེ་རྗེས་སུ་མཐུན་པའི་གནས་སུ་སྤུངས་ཏེ་མཐའ་རྩིག་པས་བསྐོར་བ་ལ་མཐོ་གང་སོར་བཞི་ཙམ་གྱི་བུ་ག་བྱས་ལ་མེ་སྦར་ཏེ།
འོག་ཏུ་ཤིང་དང་། སྟེང་དུ་དུ་བ་དང་། བར་དུ་མེ་འབར་བར་བྱས་པ་དང་། - Wind contacting limbs of the body through windows and holes made in the walls;
ཡན་ལག་གི་ཕྱོགས་གང་དུ་རླུང་གིས་རེག་པར་འགྱུར་བའི་སྐར་ཁུང་དང་རྩིག་པའི་བུ་ག་བྱས་པ་དང་། - Cloth is stretched out like the skin of a drum, the edges are cut, it is made blue, yellow, red, white, and so forth; རས་རྔ་བོ་ཆེའི་མཐིལ་ལྟར་བརྐྱངས་པ་ལ་ནི་མཐའ་མི་མཐུན་པས་བཅད་དེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་སོགས་བྱས་པ་དང་།
- A butter-lamp is lit inside a vase, it is covered and a small hole is made to cast its light to make a disc of light on the wall from a distance;
བུམ་ནང་དུ་མར་མེ་སྦར་ཏེ་ཁ་བཅད་ཅིང་བུ་ག་མི་ཆེ་བར་བཏོད་ནས། དེའི་འོད་ཀྱིས་རྩིག་ངོས་ལ་ཕོག་པའི་སྣང་བའི་དཀྱིལ་འཁོར་ཡུན་རིང་བར་བྱས་པ་དང་། - Looking through a hole of 1.25 hand-spans made through a woollen cloth covering the walls;
རྩིག་པ་སྣམ་བུ་སོགས་ཀྱིས་གཡོགས་པའི་གནས་སུ་མཐོ་གང་སོར་བཞི་ཙམ་གྱི་བུ་ག་བཏོད་པ་མཐོང་བའི་ཡུལ་དུ་བྱའོ།
གཉིས་པ་ནི། དེ་ལ་ཡིད་གཏོད་པའི་ཚུལ། དམིགས་རྟེན་དེ་དག་མཐོང་བའི་གནས་ཡིད་དང་མཐུན་པར་སྟན་བདེ་བ་ལ་འདུག་སྟེ།
ས་ས་ཆུ་ཆུ་ཞེས་སོགས་བཅུ་པོ་སོ་སོའི་མིང་ཙམ་ལ་དམིགས་ནས་ཡང་ཡང་གོམས་པར་བྱའོ།
In terms of focusing the mind: Sitting on comfortable seat in a place where one perceives these object-supports and familiarising again and again through observing the individual names of the ten (earth for earth, water for water, etc.)
Signs of non-accomplishment: མ་གྲུབ་པའི་མཚན་མའོ།
- Movement of the water, such as being mixed with bubbles or foam;
ལྦུ་བ་དང་ཆུ་བུར་འདྲེས་པའི་ཆུ་གཡོ་བའི་རྣམ་པ་ཅན་དང་། - The fire repeatedly going out and the remainder of some wood, ashes, or embers;
མེ་ཆད་ཅིང་ཆད་ཅིང་ལྟུང་བ་དང་། འགལ་དུམ་དང་། ཐལ་བ་དང་། སོལ་བ་རྣམས་ལ་ཅུང་ཟད་གནས་པ་དང་། - Remainder of steam after (the wind) hitting the boiled milk;
འོ་མ་བསྐོལ་བ་ཕོག་མ་ཐག་པའི་རླངས་པ་འཐུལ་བ་ལྟ་བུར་གནས་པ་དང་། - Blue flower being without a blossom and stalk, similarly for yellow etc.;
མེ་ཏོག་སྔོན་པོ་གེ་སར་དང་སྡོང་བུ་མེད་པ་ལྟ་བུ་སྟེ། སེར་པོ་སོགས་གསུམ་ལའང་དེ་བཞིན་ཏེ། - The disc of light arising on the ground or walls only illuminating some things
སའམ་རྩིག་པར་སྐྱེས་པའི་འོད་ཀྱི་དཀྱིལ་འཁོར་ལྟར་དངོས་པོ་འགའ་ཞིག་ཁོ་ན་གསལ་བ་དང་། - An opening in the walls etc.
རྩིག་མཐའ་ལ་སོགས་པའི་བུ་ག
ལྟར་སྣང་ལ་བློས་སྐྱེད་ཀྱང་མི་འཕེལ་བ་ལྟར་སྣང་བ་རྣམས།
i.e. false appearances generated by the mind but that do not increase.
Signs of accomplishment: གྲུབ་པའི་མཚན་མ།
- Appearances that are unwavering, like a jewel-fan and jewel-mirror abiding in the sky
ནམ་མཁའ་ལ་གནས་པའི་ནོར་བུའི་རླུང་གཡབ་དང་། ནོར་བུའི་རང་བཞིན་གྱི་མེ་ལོང་གི་དཀྱིལ་འཁོར་ལྟ་བུ་མི་གཡོ་བའི་རྣམ་པ་ཅན་དུ་སྣང་བ་དང་། - Perceived as abiding without wavering like the abiding or remaining of a moon-disc in the sky, red sphere, golden fan, and its base ནམ་མཁའ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་དམར་པོ་ཟླུམ་པོ་དང་། གསེར་གྱི་རླུང་གཡབ་དང་།
དེའི་ཀ་བ་ལྟ་བུར་གནས་པ་དང་། འདུག་པ་ལྟར་མི་གཡོ་བར་གནས་པ་མཐོང་བ་དང་། - Appearing in the sky like a jewel-fan, surpassing the sphere of the totalities in terms of object-support; apply to other three;
དམིགས་རྟེན་ཟད་པར་གྱི་དཀྱིལ་འཁོར་ལས་འཕགས་ནས་ནོར་བུའི་རླུང་གཡབ་ལྟ་བུ་ནམ་མཁའ་ལ་སྣང་སྟེ་གཞན་གསུམ་ལའང་དེ་ལྟར་དང་། - Illuminating all, like a dense clear illumination; like the sphere of the sky;
སྣང་བའི་ཚོགས་སྟུག་པོ་རབ་ཏུ་དང་བ་དང་འདྲ་བར་ཐམས་ཅད་ལ་གསལ་བ་དང་། ནམ་མཁའི་དཀྱིལ་འཁོར་ལྟ་བུར་གྱུར་ནས་གནས་ཤིང་
བློས་སྐྱེད་ན་ནི་འཕེལ་བར་སྣང་བ་རྣམས་ཟད་པར་ཆུ་ལ་སོགས་པ་དགུའི་གྲུབ་པའི་མཚན་མའོ།
i.e. appearances generated by the mind and increasing.
ས་ལ་སྔར་སྦྱངས་པས་འགྲུབ་ཚུལ་དང་། མ་སྦྱངས་པས་སྦྱོང་བའི་དམིགས་རྟེན་དང་། གྲུབ་མ་གྲུབ་ཀྱི་མཚན་མ་མ་གསུངས་པའི་རྒྱུ་མཚན་ནི་དཔྱད་དགོས་པར་སྣང་ངོ་།
It should be analysed why these are not presented wrt the totality of earth.
Functions of the totalities: ཟད་པར་ཆུ་ལ་སོགས་པའི་བྱེད་ལས་ནི།
- Transforming into one, transforming into many གཅིག་ཏུ་གྱུར་ནས་མང་པོར་གྱུར་པ་དང་།
- Emanating ground upon the sky and water, to walk there and so forth
ནམ་མཁའ་དང་ཆུ་ལ་སར་སྤྲུལ་ནས་རྐང་པས་འགྲོ་བ་སོགས་བྱེད་པ་དང་། - Burrowing into the earth and coming out again ས་ལ་བྱིའུ་འཛུལ་བྱེད་ཅིང་སྟེང་དུ་འབྱུང་བ་དང་།
- Making rain fall ཆུའི་ཆར་འབེབས་པ་དང་།
- Emanating the earth and mountains etc. into rivers and oceans ས་དང་རི་བོ་སོགས་ཆུ་བོ་དང་། རྒྱ་མཚོར་སྤྲུལ་པ་དང་།
- Smoking, burning, making rain fall using embers, burning whatever one wishes
དུ་བ་འཐུལ་ཞིང་མེ་འབར་བ་དང་མེ་མདག་གིས་ཆར་འབེབས་པ་དང་གང་འདོད་པ་དེ་སྲེག་པ་དང་། - When passed beyond sorrow, burning one's body མྱ་ངན་ལས་འདའ་བ་ན་ལུས་མེས་སྲེག་པ་དང་།
- Illuminating objects with the Divine Eye ལྷའི་མིག་གིས་ཡུལ་སྣང་བར་བྱེད་པ་དང་།
- Moving fast like the wind, making rain fall with wind རླུང་ལྟར་མགྱོགས་པར་འགྲོ་ཞིང་རླུང་གི་ཆར་འབེབ་པ་དང་།
- Emanating blue forms and making darkness etc. གཟུགས་སྔོན་པོར་སྤྲུལ་ཞིང་མུན་པར་བྱེད་པ་སོགས་དང་།
- Emanating yellow forms and transforming things into gold གཟུགས་སེར་པོར་སྤྲུལ་ཞིང་གསེར་དུ་བསྒྱུར་བ་དང་།
- Emanating red forms etc. གཟུགས་དམར་པོར་སྤྲུལ་བ་སོགས་དང་།
- Emanating white forms, keeping away sleepiness, eliminating darkness
གཟུགས་དཀར་པོར་སྤྲུལ་ཞིང་གཉིད་རྨུགས་རིང་དུ་བྱེད། མུན་པ་འཇིག་པར་བྱེད། - With the Divine Eye, illuminating objects, clarifying forms, and keeping away sleepiness etc. and separating from obscurations
ལྷའི་མིག་གིས་ཡུལ་སྣང་བར་བྱེད་པ་དང་། གཟུགས་གསལ་བ་དང་། གཉིད་རྨུགས་རིང་དུ་བྱེད་པ་སོགས་དང་བསྒྲིབས་པ་རྣམས་འབྱེད་ཅིང་། - Emanating space in the earth and between mountains and engaging in activities
ས་དང་རི་བོ་སོགས་ཀྱི་ནང་ནས་ནམ་མཁར་སྤྲུལ་ཞིང་སྤྱོད་ལམ་བྱེད་པ་དང་། - Going straight through walls etc. རྩིག་པ་སོགས་ལ་ཐད་ཀར་འགྲོ་བར་བྱེད་པ་རྣམས།
གཟུགས་དང་རེག་བྱ་གཉིས་ལ་ཟད་པར་བཞག་ནས་གཟུགས་ཅན་གཞན་བརྒྱད་ལ་ཟད་པར་མི་འཇོག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེའི་རྒྱུ་མཚན་ཡོད་དེ།
Reason for positing the totalities only wrt form and object of touch and not the other eight:
- Form and object of touch are possessed by both self and other in all realms where sentient beings possess form, whereas the five sense-powers are not possessed in others' continua;
གཟུགས་རེག་གཉིས་ནི་བདག་གཞན་གཉིས་ཀ་དང་། གཟུགས་ཅན་གྱི་སེམས་ཅན་གྱི་ཁམས་ཐམས་ཅད་ན་ཡོད་པ་དང་། དབང་པོ་ལྔ་གཞན་རྒྱུད་ལ་མེད་པ་དང་། - Smell and taste do not exist in the Form realm དྲི་རོ་གཉིས་གཟུགས་ཁམས་ན་མེད་པས་མ་བཞག་ཅིང་།
- Sound does not have a continuum of similar type སྒྲ་ལ་རིགས་འདྲའི་རྒྱུན་མེད་པས་མ་བཞག་པའི་ཕྱིར་རོ།
གཟུགས་མེད་པ་ན་ནི་ནམ་མཁའ་ཐམས་ཅད་དུ་འགྲོ་བ་དང་། རྣམ་ཤེས་ཀྱང་ཡུལ་ཟད་པར་གྱི་སྤྱོད་ཡུལ་ཅན་ཡིན་པས་བཞག་གོ།
In the Formless Realm: Due to going everywhere in space and possessing the object of the consciousness' exhaustion of objects, they are also posited .
གཟུགས་མེད་ཕྱི་མ་གཉིས་ལ་མི་བཞག་སྟེ། གསུམ་པས་ནི་དམིགས་པ་གཅོད། བཞི་པས་སེམས་ནང་དུ་བསྡུས་པས་མི་གསལ་བའི་ཕྱིར།
Not posited for the last two Formless Realms because the third has eliminated objects of observation and the fourth is not clear due to the mind being gathered inwardly.
Up a level: Exalted wisdom Dharmakaya