The extremes of existence and peace

The two extremes in this context (Panchen):

  1. In relation to the conventional འདིར་བསྟན་ཀུན་རྫོབ་ལ་ལྟོས་ཏེ་སྲིད་ཞིའི་མཐའ།
  2. In relation to the ultimate འདིར་བསྟན་དོན་དམ་ལ་ལྟོས་ཏེ་སྲིད་ཞིའི་མཐའ།
  3. In relation to the bodhisattva path འདིར་བསྟན་བྱང་སེམས་ལམ་ལ་ལྟོས་ཏེ་སྲིད་ཞིའི་མཐའ།

Two extremes in relation to the conventional

Extreme of existence: Samsara. འཁོར་བ།

འདིར་བསྟན་ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ། ཚུ་རོལ་གྱི་མཐའ། འཁོར་བའི་མཐའ། རྟག་མཐའ་རྣམས་དོན་གཅིག
Such extreme of existence, this side, samsara, and permanence are mutually inclusive.

མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་བྱང་འཕགས་ཀྱི་མཁྱེན་པ་དེ། འདིར་བསྟན་ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་འགོག་བྱེད་ཡིན་ཏེ།
འཁོར་བར་སྐྱེ་བའི་རྒྱུའི་གཙོ་བོ་ནི་ཉོན་མོངས་ཅན་གྱི་མ་རིག་པ་ཡིན་ལ་དེ་འགོག་པའི་གཉེན་པོའ་ིརིགས་སུ་གནས་པའི་ཕྱིར།
An Arya Bodhisattva's exalted knower directly realising the sixteen aspects (impermanence and so forth) is the eliminator of the extreme of existence in relation to the conventional and indicated in this context because 1) the main cause for birth in samsara is afflicted ignorance and 2) it abides in the antidote class that eliminates that.

Extreme of peace: Nirvana མྱང་འདས།

འདིར་བསྟན་ཀུན་རྫོབ་ལ་ལྟོས་པའི་ཞི་མཐའ། ཕ་རོལ་གྱི་མཐའ། མྱང་འདས་ཀྱི་མཐའ། ཆད་མཐའ་རྣམས་དོན་གཅིག
Such extreme of peace, other side, nirvana, and annihilation are mutually inclusive.

བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་དེ། འདིར་བསྟན་ཀུན་རྫོབ་ལ་ལྟོས་པའི་ཞི་མཐའ་འགོག་བྱེད་ཡིན་ཏེ།
ཞི་མཐར་ལྟུང་བའི་རྒྱུའི་གཙོ་བོ་ནི་རང་དོན་ཡིད་བྱེད་ཡིན་ལ་དེ་འགོག་པའི་གཉེན་པོའ་ིརིགས་སུ་གནས་པའི་ཕྱིར།
Great compassion in the continuum of a Bodhisattva on the path of seeing is the eliminator of the extreme of peace in relation to the conventional and indicated in this context because 1) the main cause for falling into the extreme of peace is focus on one's own welfare and 2) it abides in the antidote class that eliminates that.

Persons abiding in those extremes:

ཉན་རང་དགྲ་བཅོམ་རྣམས། འདིར་བསྟན་ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་ལ་མི་གནས་ཤིང་ཞི་མཐའ་ལ་གནས་པར་འཇོག་སྟེ།
སྲིད་པ་ཟད་པར་སྤངས་པའི་ཆད་པའི་མྱང་འདས་ལ་གནས་པའི་ཕྱིར།
Hearer and Solitary Realiser Arhats are posited as not abiding in the extreme of existence but abiding in the extreme of peace (both in relation to the conventional and indicated in this context) because of abiding in nirvana that has annihilated, i.e. completely abandoned, samsara.

ཉན་རང་སློབ་པ་འཕགས་པ་རྣམས། འདིར་བསྟན་ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་ལ་གནས་ཤིང༌ཞི་མཐའ་ལ་མི་གནས་ཏེ།
ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་བ་ལེན་ཞིང་མྱང་འདས་མ་ཐོབ་པའི་ཕྱིར།
Hearer and Solitary Realiser Learner Aryas are posited as abiding in the extreme of existence but not abiding in the extreme of peace (both in relation to the conventional and indicated in this context) because of 1) taking birth in samsara through the force of karma and afflictions and 2) not having attained nirvana.

བྱང་སེམས་འཕགས་པ་རྣམས། འདིར་བསྟན་ཀུན་རྫོབ་ལ་ལྟོས་པའི་སྲིད་ཞིའི་མཐའ་ལ་མི་གནས་ཏེ།
དེས་སྲིད་ཞིའི་མཐའ་འགོག་བྱེད་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་གཉེན་པོ་ཐོབ་པའི་ཕྱིར།
Arya Bodhisattvas do not abide in either extreme of existence or peace (both in relation to the conventional and indicated in this context) because they have attained the eliminator of the extremes of existence and peace, i.e. an antidote conjoined with special method and wisdom.

དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་མོས་སྤྱོད་པ་རྣམས། འདིར་བསྟན་ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་ལ་གནས་ཏེ།
ལས་ཉོན་གྱིས་འཁོར་བར་སྐྱེ་བ་ལེན་པའི་ཕྱིར།
བྱང་སེམས་ལམ་ལ་ལྟོས་པའི་སྲིད་མཐའ་ལ་ནི་མི་གནས་ཏེ། སྲིད་པར་སྐྱེ་བ་ལ་མཐའ་གཅིག་ཏུ་དོར་བྱར་མི་བྱེད་པའི་ཕྱིར།
Practitioner-through-belief Bodhisattvas who have not preceded through the Hinayana path do not abide in the extreme of existence (in relation to the conventional and indicated in this context) because of taking birth in samsara through the force of karma and afflictions.
They do not abide in the extreme of existence in relation to the Bodhisattva's path because they do not take birth in samsara to be exclusively an object to be discarded.


Two extremes in relation to the ultimate

Extreme of existence: Truly established samsara འཁོར་བ་བདེན་གྲུབ།

Extreme of peace: Truly established nirvana མྱང་འདས་བདེན་གྲུབ།

དུས་གསུམ་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པའི་ལམ་ཤེར་ཕྱིན་དེ། འདིར་བསྟན་དོན་དམ་ལ་ལྟོས་པའི་སྲིད་ཞིའི་མཐའ་འགོག་བྱེད་ཡིན་ཏེ།
སྲིད་ཞི་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར།
The path perfection of wisdom directly realising the three times as empty of true existence is the eliminator of the extremes of existence and peace in relation to the ultimate and indicated in this context because it is an exalted wisdom directly realising existence and peace as empty of true existence.

དེ་གཉིས་མཐའ་གཅིག་ཏུ་བདེན་པར་ཞེན་པའི་གང་ཟག
Persons: Adhering to those two as exclusively truly existent.


Two extremes in relation to the Bodhisattva's path

Existence: Adherence to birth in samsara as exclusively as being an object to be discarded
སྲིད་པར་སྐྱེ་བ་ལ་མཐའ་གཅིག་ཏུ་དོར་བྱར་ཞེན་པ།

Peace: Adherence to the nirvana attained through merely severing birth in samsara as being an object to be adopted སྲིད་པར་སྐྱེ་བ་ཆད་ཙམ་གྱིས་ཐོབ་པའི་མྱང་འདས་ལ་མཐའ་གཅིག་ཏུ་བླང་བྱར་ཞེན་པ།

These two come down to the same thing because of being each other's opposites.

སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་སྲིད་པར་སྐྱེ་བ་ཡང་དང་ཡང་དུ་བླངས་ནས་སེམས་ཅན་གྱི་དོན་སྒྲུབ་པར་འདོད་པའི་བསམ་པ་ཁྱད་པར་ཅན་ནི།
བྱང་སེམས་ལམ་ལ་ལྟོས་པའི་སྲིད་ཞིའི་མཐའ་འགོག་བྱེད་ཡིན་ཏེ། ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་བྱང་སེམས་ཀྱི་མཁྱེན་པ་ཡིན་པའི་ཕྱིར།
The special attitude wishing to accomplish the welfare of sentient beings through taking birth in samsara again and again through the force of compassion and prayers is the eliminator of the extremes of existence and peace in relation to the Bodhisattva's path because it is a Bodhisattva's exalted knower conjoined with special method and wisdom.

ཉན་རང་ངམ་ཐེག་དམན་གྱི་གང་ཟག
Persons: Hearers and Solitary Realisers / Hinayanists


Gyaltsab Je's Arrangement of the Path: (ལམ་བསྒྲིགས།)
སྲིད་ཞིའི་མཐའ་ལ་ཀུན་རྫོབ་ལ་ལྟོས་པ་དང་དོན་དམ་ལ་ལྟོས་པ་གཉིས་ལས། དང་པོ་ནི།
ལས་ཉོན་གྱི་དབང་གིས་སྲིད་པར་ཉིང་མཚམས་སྦྱར་བ་སྲིད་པའི་མཐར་ལྷུང་བ་ཡིན་ལ། སྲིད་པར་སྐྱེ་བ་ཆད་ཙམ་ལས་ཐོབ་པའི་མྱང་འདས་ཞི་མཐའ་དང༌།
དེ་ཐོབ་པ་ཞི་བའི་མཐར་ལྷུང་བ་ཞེས་བྱའོ།
Regarding the extremes of existence and peace, there are two: those in relation to the conventional and those in relation to the ultimate. Regarding the first:

  1. Taking rebirth in samsara through the force of karma and afflictions is called "falling to the extreme of existence"; and
  2. The nirvana attained through merely severing birth in samsara is the extreme of peace and attaining that is called "falling to the extreme of peace."

སྲིད་མཐའ་དེ་ཉིད་རིགས་ཅན་གསུམ་གས་འགོག་ལ། ཞི་བའི་མཐའ་དེ་ཉིད་བྱང་ཆུབ་སེམས་དཔའ་ཁོ་ནས་སྤོང་སྟེ།
སྲིད་མཐའ་སྔ་མ་བཀག་ནས་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་སྐྱེ་བ་བླངས་ཏེ་མྱང་འདས་སྒྲུབ་པར་བྱེད་པའི་ཕྱིར།
Such an extreme of existence is ceased by all three lineage-bearers; whereas such an extreme of peace is only abandoned by Bodhisattvas because having ceased the previous extreme of existence, they take birth through the force of compassion and prayers, then act to accomplish nirvana.

དོན་དམ་ལ་ལྟོས་པའི་སྲིད་ཞིའི་མཐར་ལྷུང་བ་ནི། སྲིད་ཞི་ལ་དོར་བྱ་དང་བླང་བྱར་བདེན་པར་འཛིན་པ་ཡིན་ལ།
དེ་བྱང་ཆུབ་སེམས་དཔས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་སྤོང་ལ། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་འདོད་པ་ལྟར་ན།
དོན་དམ་ལ་ལྟོས་པའི་མཐར་མ་ལྷུང་ཡང༌། ཀུན་རྫོབ་ལ་ལྟོས་པའི་མཐར་ལྷུང་བ་ཞེས་བྱའོ།
Falling to the extremes of existence and peace in relation to the ultimate is apprehending existence and peace as truly existent objects to be discarded and adopted, respectively. Bodhisattvas abandon that by means of the wisdom realising emptiness.
In terms of asserting that Hearers and Solitary Realisers do realise the selflessness of phenomena, they are said to not fall to extremes in relation to the ultimate but that they do fall to extremes in relation to the conventional.


Up a level: Not abiding in existence or peace