The result - Great Enlightenment

དྲི་མ་ཟད་སྐྱེ་བདེན་མེད་དུ་མངོན་སུམ་དུ་རྟོགས་པ་མཐར་ཕྱིན་པའི་ཡེ་ཤེས་དང་ལྡན་པའི་སྐྱབས་གནས་མཐར་ཐུག བྱང་ཆུབ་ཆེན་པོའི་མཚན་ཉིད།
General definition: A final source of refuge possessing the final exalted wisdom that directly realises the exhaustion and non-arising of stains as lacking true existence.

དེ་ལྟ་བུའི་ཡེ་ཤེས། སྐབས་འདིར་དངོས་སུ་བསྟན་པའི་བྱང་ཆུབ་ཆེན་པོའི་མཚན་ཉིད་ཡིན།
In this context: A final exalted wisdom that directly realises the exhaustion and non-arising of stains as lacking true existence.

རྣམ་མཁྱེན་ཆོས་ཅན། བྱང་ཆུབ་ཆེན་པོ་ཡིན་ཏེ། ཟད་པ་དང་མི་སྐྱེ་བ་ཤེས་པའི་མཐར་ཐུག་པའི་ཡེ་ཤེས་ཡིན་པའི་ཕྱིར།
The subject - the Exalted Knower of All Aspects - it is Great Enlightenment because of being a final exalted wisdom of knowing exhaustion and non-arising.

དེ་ཆོས་ཅན། ཟད་པ་ཤེས་པའི་ཡེ་ཤེས་ཡིན་ཏེ། སྒྲིབ་གཉིས་དོན་དམ་པར་ཟད་པ་མེད་པར་མངོན་སུམ་དུ་རྟོགས་པ་མཐར་ཕྱིན་པའི་ཡེ་ཤེས་ཡིན་པའི་ཕྱིར།
That subject, it is an exalted wisdom knowing exhaustion because it is a final exalted wisdom directly realising that the two obscurations are not ultimately exhausted.

དེ་ཆོས་ཅན། མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཡིན་ཏེ། སྒྲིབ་གཉིས་དོན་དམ་པར་སྐྱེ་བ་མེད་པར་མངོན་སུམ་དུ་རྟོགས་པ་མཐར་ཕྱིན་པའི་ཡེ་ཤེས་ཡིན་པའི་ཕྱིར།
That subject, it is an exalted wisdom knowing non-arising because it is a final exalted wisdom directly realising that the two obscurations are not ultimately produced.

སྒྲིབ་པ་གཉིས་ཆོས་ཅན། དོན་དམ་པར་སྐྱེ་འགག་མེད་པ་ཡིན་ཏེ། དོན་དམ་པར་མ་གྲུབ་པ་ཆོས་དབྱིངས་སྤྲོས་བྲལ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར།
དཔེར་ན་ནམ་མཁའ་ལ་སྐྱེ་འགག་མེད་པ་བཞིན་ནོ།
The subject - the two obscurations - they do not ultimately arise and cease because of being in the entity of not ultimately established dharmadhatu free from elaborations.

རྟགས་གྲུབ་སྟེ། དབུས་མཐའ་ལས། ཆོས་ཀྱི་དབྱིངས་ལས་མ་གཏོགས་པར། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་གསུངས་པའི་ཕྱིར།
Reason is established because Middle and Extremes says: Without being included in the dharmadhatu, such a phenomenon does not exist.

དེ་གཉིས་ཆོས་ཅན། བདེན་པར་མེད་དེ། བདེན་པར་གྲུབ་པའི་གཅིག་དང་བདེན་པར་གྲུབ་པའི་དུ་མ་གང་རུང་དུ་མ་གྲུབ་པའི་ཕྱིར། དཔེར་ན་ནམ་མཁའི་པདྨོ་བཞིན་ནོ།
The subject - the two obscurations - they lack true existence because they are not established as either truly established one or truly established many; for example, like a sky-lotus.

དེ་གཉིས་ཆོས་ཅན། དོན་དམ་པར་མི་སྐྱེ་སྟེ། དོན་དམ་པར་བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་གང་རུང་ལས་མི་སྐྱེ་བའི་ཕྱིར། དཔེར་ན་ནམ་མཁའི་པདྨོ་བཞིན་ནོ།
The subject - the two obscurations - they are not ultimately produced because ultimately they are not produced from either self, other, both, or neither; for example, just like a sky-lotus.

དེ་གཉིས་ཆོས་ཅན། དོན་དམ་པར་མི་སྐྱེ་སྟེ། དོན་དམ་པར་ཡོད་པར་ཡང་མི་སྐྱེ། དོན་དམ་པར་མེད་པར་ཡང་མི་སྐྱེ། ཡོད་མེད་གཉིས་ཀར་ཡང་མི་སྐྱེ།
དོན་དམ་པར་ཡོད་མེད་གཉིས་ཀ་མ་ཡིན་པར་ཡང་མི་སྐྱེ་བའི་ཕྱིར། དཔེར་ན་ནམ་མཁའི་པདྨོ་བཞིན།
The subject - the two obscurations - they are not ultimately produced because they are not ultimately produced existents, not ultimately produced non-existents, not produced as both existent and non-existent, nor ultimately produced as neither existent or non-existent; for example, like a sky-lotus.

དེ་ལྟར་ཡང་སྟོང་ཉིད་བདུན་ཅུ་པར།
ཡོད་པ་སོགས་ཕྱིར་སྐྱེ་མ་ཡིན། །མེད་པ་མེད་ཕྱིར་སྐྱེས་མ་ཡིན། །ཆོས་མི་མཐུན་ཕྱིར་ཡོད་མེད་མིན། །སྐྱེ་བ་མེད་ཕྱིར་གཞན་འགག་མེད། །ཅེས་གསུངས།
Seventy Verses on Emptiness:
Due to existence and so forth, they are not produced
Due to non-existence not existing, they are not produced
Due to discordant phenomena, they are not existent and non-existent
Due to lacking production, the others are not refuted.

དེ་གཉིས་ཆོས་ཅན། དོན་དམ་པར་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར། དཔེར་ན་སྒྱུ་མ་བཞིན་ནོ།
The subject - the two obscurations - they lack true existence because of being dependent-arisings; for example, like an illusion.


Up a level: Perfection of Wisdom