The time of accomplishing the result there
དེ་ལྟ་བུའི་གནས་དེར་བྱང་སེམས་འོག་མ་རྣམས་བསྐལ་པ་གྲངས་མེད་གསུམ་ལ་སོགས་པའི་ཚོགས་བསགས་པ་སྔོན་དུ་སོང་ནས་དུས་རེ་ཞིག་ན།
བྱང་སེམས་སྲིད་པ་ཐ་མ་པར་ཡིད་ཀྱི་རང་བཞིན་གྱི་སྐྱེ་བ་བཞེས་པ་ཡིན་ལ།
At a certain time, the lower bodhisattvas in such an abode having proceeded to accumulate the collections (three countless eons and so forth), the bodhisattva will take birth in a mental body in their final existence.
དེ་ལྟར་སྐྱེ་བ་བཞེས་པའི་ཚེ་ནམ་ཞིག་ན། བྱང་སེམས་དེའི་རྒྱུད་ལ་ཤེས་སྒྲིབ་ཀྱི་དངོས་གཉེན་བར་ཆད་མེད་ལམ་ནམ་སྐྱེས་པ་ན།
རྒྱུན་མཐའི་བར་ཆད་མེད་ལམ་སྐྱེས་པ་ཞེས་བྱ་ལ།
When they take such a birth, when the uninterrupted path that is the direct antidote to the knowledge obscurations arises in that bodhisattva's continuum, they are said to have given rise to the uninterrupted path at the end of the continuum.
དེ་ཡང་རྒྱུན་མཐའི་བར་ཆད་ལམ་དེ་ཉིད་ལ། ཤེས་བྱ་ཇི་སྙེད་པའི་རྣམ་པ་ཅུང་ཟད་ཀྱང་མི་འཆར་ཏེ།
དེས་བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་དྲི་མ་ཟད་པར་མ་སྤངས་པའི་ཕྱིར་ཏེ། དེས་བདེན་འཛིན་ཟད་པར་མ་སྤངས་པའི་ཕྱིར།
The aspects of the varieties of objects of knowledge do not arise to that uninterrupted path at the end of the continuum even in the slightest because they have not completely abandoned the stains of apprehending the two truths as different entities; because they have not completely abandoned true-grasping.
འོན་ཀྱང་དེའི་ཚེ་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་འཐོབ་པའི་བདག་ཉིད་དུ་གནས་པ་ཡིན་ནོ།
However, at that time, they abide in the nature of attaining the twenty-one sets of uncontaminated exalted wisdom.
དེས་ན་རྒྱུན་མཐའི་བར་ཆད་མེད་ལམ་རང་གི་སྐད་ཅིག་གཉིས་པར་ཤེས་སྒྲིབ་སྤངས་པའི་རྣམ་གྲོལ་ལམ་སྐྱེས་པའི་ཚེ། ཤེས་བྱ་ཇི་ལྟ་བ་ལ་གཉིས་སྣང་ནུབ་ནས་
ཆུ་ལ་ཆུ་གཞག་ཏུ་སོང་བའི་ཡེ་ཤེས་དེའི་གཟིགས་ངོར་ཤེས་བྱ་ཇི་སྙེད་པ་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་མངོན་སུམ་དུ་གཟིགས་པ་དེའི་ཚེ།
ཤེས་སྒྲིབ་ཟད་པར་སྤངས་པ་དང་། བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་དྲི་མ་ཟད་པར་སྤངས་པ་དང་། ཡང་དག་པའི་མཐའ་མངོན་དུ་བྱས་པ་དང་།
ཆོས་སྐུ་མངོན་དུ་བྱས་པ་དང་། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན།
Then, when the liberated path that has abandoned the knowledge obscurations arises in the next moment to that uninterrupted path at the end of the continuum, that exalted wisdom for which dualistic appearances wrt the modes of objects of knowledge have disappeared (like water poured into water) directly perceives all the varieties of objects of knowledge, like a kurura in one's hand. At that time:
- The knowledge obscurations have been completely abandoned
- The stains of apprehending the two truths as different entities have been completely abandoned
- The perfect end is actualised
- The Dharmakaya is actualised
- There is perfect complete enlightenment wrt all phenomena in all aspects.
བྱང་སེམས་རྒྱུན་མཐའ་བས་ཆོས་སྐུ་མངོན་དུ་བྱས་པ་དང་དུས་མཉམ་དུ་སྐུ་བཞི་ཅིག་ཅར་དུ་མངོན་དུ་བྱས་པ་ཡིན་ཏེ།
ས་བཅུ་རྒྱུན་གྱི་ཐ་མའི་བར་ཆད་མེད་ལམ་ལ་གནས་པའི་མཚན་དཔེ་རྗེས་མཐུན་པས་སྤྲས་པའི་སྐུ་དེ་ཉིད་ཀྱི་རིགས་འདྲ་ཕྱི་མ་ཆོས་སྐུ་ཐོབ་པའི་ཚེ་མཚན་ཉིད་ལྔ་ལྡན་དང་། ཡོན་ཏན་ལྔ་ལྡན་གྱི་ངོ་བོ་ཉིད་སྐུ་གྲུབ་ཅིང་། དེ་དང་དུས་མཉམ་དུ་ངེས་པ་ལྔ་ལྡན་གྱི་ལོངས་སྤྱོད་རྫོགས་སྐུ་ཡང་གྲུབ་ལ།
The bodhisattva at the end of the continuum actualises the Four Bodies simultaneously with actualising the Dharmakaya because when they attain the Dharmakaya, which is the later similar class of that very Body adorned with the concordances of the marks and signs of that abiding on the uninterrupted path of the end of the continuum of the tenth ground, then they also accomplish:
- The Nature Body possessing the five characteristics and five qualities and simultaneously
- The Complete Enjoyment Body possessing the five certainties.
ལོངས་སྐུས་བདག་རྐྱེན་བྱས་ནས་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་གདུལ་བྱ་རྗེས་སུ་འཛིན་པའི་མཆོག་གི་སྤྲུལ་པའི་སྐུ་ནི། དེའི་ཚེ་ཚོགས་པ་གཅིག་ཏུ་མེད་ཀྱང་།
སངས་རྒྱས་ཀྱི་སྤྲུལ་པའི་སྐུའི་བྱེ་བྲག་འགའ་ཞིག་ལོངས་སྐུ་དང་དངོས་རྒྱུ་ཚོགས་པ་ཚར་གཅིག་ལ་རག་ལས་ཀྱི་འབྲེལ་བ་གྲུབ་པའི་ཚུལ་དུ་ཐོབ་པ་ཡིན་པའི་ཕྱིར།
Although the Supreme Emanation Body that takes care of disciples by way of the Twelve Deeds (whose empowering condition is the Enjoyment Body) does not exist in the same collection at that time, it is attained by way of a relationship whereby some instances of the Buddha's Emanation Bodies have the same collection of direct causes as the Enjoyment Body.
Up a level: Resultant Dharmakaya (4-Bodies GM)