Three Types of Joyous Effort
སྒོ་གསུམ་བྱ་བ་ངན་པ་ལ་མ་ཞེན་པའི་བརྩོན་འགྲུས་ལ་གདམས་པ་ཡིན་ཏེ། ལུས་ངག་ཡིད་གསུམ་གྱི་བསོད་ནམས་དེ་བདེ་བ་སྐྱེ་བ་ལ་ཞེན་པར་འགྱུར་བའི་ལེ་ལོ་སྤོང་ཕྱིར་དུ་ལུས་ངག་སོགས་བདེན་མེད་དུ་མཚུངས་པར་གདམས་པའི་མདོ་ཚིག་ཡིན་པའི་ཕྱིར།
It is instructions regarding the joyous effort of not adhering to negative activities of the three doors because: In order to abandon laziness that adheres to merit of body, speech, and mind producing happiness, it instructs that [actions of] body, speech, [and mind] are the same in lacking true existence.
ཡོངས་སུ་ངལ་བ་མེད་པའི་བརྩོན་འགྲུས་ལ་གདམས་པ་ཡིན་ཏེ། གཟུགས་ནས་རྫོགས་བྱང་གི་བར་གྱི་ཆོས་ཐམས་ཅད་བདེན་མེད་དུ་མཚུངས་པར་བསྟན་པའི་སྒོ་ནས་
དུས་ཡུན་རིང་པོར་སྒྲུབ་པ་ཉམས་སུ་ལེན་པ་ལ་སྐྱོ་ངལ་སེལ་བའི་ཕྱིར་དུ་གདོམས་པའི་མདོ་ཚིག་ཡིན་པའི་ཕྱིར།
It is instructions regarding tireless joyous effort because: By way of indicating that all phenomena (from forms and up to complete enlightenment) are the same in lacking true existence, it instructs in order to eliminate discouragement with respect to practicing the practices for a long time.
ཐེག་ཆེན་གྱི་ལམ་ཡོངས་སུ་འཛིན་པའི་བརྩོན་འགྲུས་ལ་གདམས་པ་ཡིན་ཏེ། ཆོས་ཐམས་ཅད་བདེན་པའི་སྐྱེ་བ་མེད་པར་བསྟན་པའི་སྒོ་ནས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ལ་དོན་རེ་རེའི་ཕྱིར་ལམ་སྒྲུབ་པའི་ལུང་ནོད་པར་བྱ་དགོས་ན་དེ་ལྟ་བུ་བདག་གིས་མི་ནུས་སོ་ཞེས་སེམས་ཞུམ་པར་གྱུར་པའི་ལེ་ལོ་སེལ་བའི་ཕྱིར་དུ་གདོམས་པའི་མདོ་ཚིག་ཡིན་པའི་ཕྱིར།
It is instructions regarding the joyous effort of thoroughly upholding the Mahayana path because: By way of indicating that all phenomena lack truly existent production, it instructs in order to eliminate laziness that is discouraged, thinking "If bodhisattvas must obtain the transmission for each of the practices of the path from the Buddhas of the ten directions, I couldn't possible do as such!"
Antidotes to the three types of laziness:
- Adhering to negative activities བྱ་བ་ངན་ཞེན་གྱི་ལེ་ལོ།
- Procrastination སྒྱིད་ལུག་གི་ལེ་ལོ།
- Discouragement / Low self-esteem རང་ལ་བརྙས་པའི་ལེ་ལོ།
See other division: Three types of joyous effort
Up a level: Mahayana Instructions