Twelve Deeds (4-Bodies GM)
མཆོག་གི་སྤྲུལ་སྐུ་རྣམས་ཀྱིས་མཛད་པ་བཅུ་གཉིས་ཀྱི་མཛད་པ་སྟོན་ཚུལ་ཡོད་དེ། དེ་ཡང་སྔར་བཤད་པའི་ལོངས་སྐུ་དེ་ཉིད་གནས་ངེས་པ་འོག་མིན་དུ་བཞུགས་ནས།
ཞིང་ཁམས་གཞན་དུ་གཤེགས་མི་སྲིད་པས། དག་མ་དག་གི་གདུལ་བྱ་སྣ་ཚོགས་པའི་དོན་མཉམ་ཉིད་དུ་མཛད་པའི་ཕྱིར་དུ་ལོངས་སྐུ་དེ་ཉིད་འོག་མིན་དུ་
ཆོས་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་བཞིན་པའི་ངང་ནས་འཛམ་གླིང་བྱེ་བ་ཕྲག་བརྒྱར་མཆོག་གི་སྤྲུལ་སྐུ་བྱེ་བ་ཕྲག་བརྒྱར་སྤྲུལ་ནས་མཛད་པ་བཅུ་གཉིས་ཀྱིས་
གདུལ་བྱ་སྣ་ཚོགས་པའི་དོན་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་མཛད་པ་ཡིན་པའི་ཕྱིར།
There is a way of displaying the twelve deeds by Supreme Emanation Bodies:
Since (as previously explained) the Enjoyment Body itself remains in Akanishta (the definite abode) and cannot proceed to other realms, then in order to equally enact the varied welfares of pure and impure disciples, while that Enjoyment Body remains in single-pointed equipoise on dharmata, billions of Supreme Emanation Bodies are emanated in billions of worlds and enact the varied welfare of disciples by means of the twelve deeds for as long as samsara remains.
འཛམ་གླིང་བྱེ་བ་ཕྲག་བརྒྱར་མཆོག་གི་སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱ་སྤྲུལ་ནས་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་ན།
མཛད་པ་བཅུ་གཉིས་ཀྱི་ཚུལ་བྱེ་བ་ཕྲག་བརྒྱ་སྟོན་ཚུལ་ཇི་ལྟར་ཡིན་ཞེ་ན། དེ་ཡང་འཛམ་བུ་གླིང་གི་ཞིང་གཅིག་ཏུ་གདུལ་བྱ་ཐུན་མོང་བའི་ངོར་མཛད་པ་བཅུ་གཉིས་པོ་
རིམ་པ་བཞིན་དུ་སྟོན་པ་ཡིན་ལ། འཛམ་བུ་གླིང་ཁ་ཅིག་ཏུ་ནི་སྐུ་བལྟམས་པའི་མཛད་པ་སྟོན་པ་ན། ཁ་ཅིག་ཏུ་མྱ་ངན་ལས་འདས་པའི་མཛད་པ་སྟོན་པ་དང་།
དེ་བཞིན་དུ་ཁ་ཅིག་ཏུ་རབ་ཏུ་བྱུང་བའི་མཛད་པ་དང་། ཁ་ཅིག་ཏུ་ཁྱིམ་ན་གནས་པའི་མཛད་པ་སྟོན་པ་ཡིན་པའི་ཕྱིར།
If they display the twelve deeds through emanating billions of Supreme Emanation Bodies in billions of worlds, in what way do they display the twelve deeds billions of times?
They are displaying the twelve deeds sequentially from the perspective of ordinary disciples in one world; but when displaying the deed of being born in some worlds, they are displaying the deed of passing beyond sorrow in others, and likewise in others displaying the deed of renunciation and in others the deed of remaining in the household.
བདག་ཅག་གི་སྟོན་པ་ལྟ་བུ་འཛམ་བུ་གླིང་འདིར་མྱ་ངན་ལས་འདའ་ཚུལ་སྟོན་པའི་འོག་ཏུ། སྡེ་པ་ཁ་ཅིག་འདོད་པ་ལྟར། བེམ་རིག་རྒྱུན་ཆད་པ་ཡང་མ་ཡིན།
སྤྲུལ་པ་རྣམས་འོག་མིན་གྱི་ལོངས་སྐུ་ལ་བསྡུས་ནས་གདུལ་བྱ་རིགས་ཅན་གསུམ་གའི་དོན་མི་མཛད་པ་ཡང་མ་ཡིན་པར་
དུས་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་མཛད་པ་བཅུ་གཉིས་ཀྱི་ཚུལ་ཡང་ཡང་སྟོན་པར་མཛད་པ་ཡིན་པའི་ཕྱིར།
According to some, after Our Teacher (for example) displayed passing beyond sorrow in this world, then without the physical and mental continuum being interrupted nor the non-enactment of the welfare of the three lineage-bearer disciples (through gathering emanations into the Enjoyment Body in Akanishta), he repeatedly displays the twelve deeds until samsara is empty.
དེས་ན་འཛམ་གླིང་བྱེ་བ་ཕྲག་བརྒྱར་སྟོན་པ་བྱེ་བ་ཕྲག་བརྒྱ་ཡོད་པ་དེ་བཞིན་དུ། རྒྱལ་པོ་ཟས་གཙང་མ་དང་། ཡུམ་སྒྱུ་མ་ལྷ་མཛེས་མ་བྱེ་བ་ཕྲག་བརྒྱ་ཁས་ལེན་དགོས་ཏེ། དེར་སྟོན་པ་ཤཱཀྱ་ཐུབ་པ་བྱེ་བ་ཕྲག་བརྒྱ་ཡོད་པ་གང་ཞིག །དེ་ཡིན་ན་རྒྱལ་པོ་ཟས་གཙང་མའི་སྲས་ཡིན་དགོས་པའི་ཕྱིར།
རྒྱལ་པོ་ཟས་གཙང་མ་ལ་སོགས་པ་དེ་དག་གང་ཟག་རང་ག་བ་མ་ཡིན་པའི་ཕྱིར།
Therefore, just as there exist billions of Teachers in billions of worlds, it is necessary to assert that there are billions of King Śuddhodanas and Mother Māyādevīs because 1) there exist billions of Teacher Shakyamunis and 2) if it is that, it is necessarily the child of King Śuddhodana.
This is because King Śuddhodana and so forth are not ordinary persons.
མཛད་པ་བཅུ་གཉིས་འདི་དག་སངས་རྒྱས་དང་། བྱང་སེམས་གང་གི་མཛད་པ་ཡིན་ཞེ་ན།
Among the twelve deeds, which are Buddha deeds and which are Bodhisattva deeds?
- System of the Hearer Vehicle ཉན་ཐོས་སྡེ་པའི་ལུགས།
- System of the Mahayana ཐེག་ཆེན་པའི་ལུགས།
- Other systems དེ་ལས་གཞན་པའི་ལུགས།
སྲོད་ལ་བདུད་བཏུལ་བའི་ཚུལ་མན་ཆད་ཀྱི་མཛད་པ་ནི། བྱང་སེམས་སོ་སྐྱེའི་མཛད་པར་འདོད་ཅིང་།
ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་ནས་བཟུང་སྟེ། དེ་ཕྱིན་ཆད་ཀྱི་མཛད་པ་ཐམས་ཅད་སངས་རྒྱས་ཀྱི་མཛད་པ་ཡིན་པར་འདོད་དོ།
Hearer system:
- The deeds up to and including taming the demons at dusk are asserted as ordinary bodhisattva deeds
- The deeds starting from attaining full and complete enlightenment at dawn and all the remaining ones are asserted as Buddha deeds.
མཛད་པ་བཅུ་གཉིས་པོ་ཐམས་ཅད་སངས་རྒྱས་ཀྱི་མཛད་པ་ཡིན་ཏེ། བདག་ཅག་གི་སྟོན་པ་འདི་ལ་མཚོན་ན། འདི་ཉིད་སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས།
སངས་རྒྱས་ཟིན་པས་ཞིང་འདིར་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པའི་ཐོག་མ་དགའ་ལྡན་དུ་ལྷའི་བུ་དམ་པ་ཏོག་དཀར་པོར་སྐྱེ་བ་བཟུང་ནས་
མཛད་པ་བཅུ་གཉིས་ཀྱི་ཚུལ་ཞིང་འདིར་རིམ་པ་བཞིན་དུ་སྟོན་པར་མཛད་པ་ཡིན་པའི་ཕྱིར།
Mahayana system: All twelve deeds are Buddha deeds.
Taking Our Teacher as an illustration: Since he was already enlightened for inestimable eons past, he sequentially displayed of the twelve deeds in this world starting from taking birth in Tushita as the son of the gods Śvetaketu.
དེ་ནས་དགའ་ལྡན་དུ་དམ་པ་ཏོག་དཀར་པོར་སྐྱེས་པ་དང་། དེ་ནས་ཟས་གཙང་གི་སྲས་དོན་གྲུབ་པར་བསྟན་པ་དང་། ཁབ་ན་བཞུགས་པ་དང་།
ཁབ་ནས་ངེས་པར་བྱུང་ནས་རི་ཕུག་ལ་སོགས་པ་ལ་བྱང་ཆུབ་ཀྱི་ལམ་འཚོལ་བ་ལ་ཞུགས་པ་དང་། རིམ་གྱིས་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་།
དེ་ནས་རིམ་གྱིས་མྱ་ངན་འདས་པ་ཆེན་པོའི་བར་དུ་སྤྲུལ་པ་ཙམ་ཞིག་ཡིན་པར་བསྟན་ཏོ། །ཞེས་བྲམ་ཟེའི་ཁྱེའུ་བླ་མ་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པར་བསྟན་པས་
དེས་ལྷའི་བུ་དམ་པ་ཏོག་དཀར་སངས་རྒྱས་ཡིན་པར་འགྲུབ། དེ་གྲུབ་པས་མཛད་པ་བཅུ་གཉིས་ཐམས་ཅད་སངས་རྒྱས་ཀྱི་མཛད་པ་ཡིན་པར་ཤེས་སོ།
Then, having taken birth in Tushita as Śvetaketu, displaying as Siddhārtha (the son of King Śuddhodana), residing in the palace, leaving the pallace and seeking the path to enlightenment in caves and so forth, and attaining enlightenment; then, turning the wheel of dharma, and up to his Mahaparinirvana - all are indicated as being mere emanations.
Since this indicates that Māṇava is an emanation of the Guru Buddha, it establishes Śvetaketu as being enlightened; and through establishing that, it can be understood that all twelve deeds are Buddha deeds.
ཤཱཀྱ་བཤེས་གཉེན་ལ་སོགས་པ་ན་རེ། དཀའ་བ་སྤྱད་པའི་དུས་སུ་རྣམ་སྨིན་གྱི་ལུས་ཆུ་བོ་ན་རཉྫ་ནའི་འགྲམ་དུ་བཞག་ནས་ཡེ་ཤེས་ཀྱི་ལུས་འོག་མིན་དུ་ཕྱིན་ནས་
ལོངས་སྐུར་སངས་རྒྱས་ནས་སླར་ཡེ་ཤེས་ཀྱི་ལུས་དཀའ་བ་སྤྱོད་པའི་ལུས་ལ་ཞུགས་ནས།
བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་ལ་སོགས་མཛད་པས་དཀའ་བ་སྤྱོད་པ་མན་ཆད་བྱང་སེམས་དང་། དེ་ཡན་ཆད་སངས་རྒྱས་སུ་འདོད།
Other systems (such as Śākyamitra etc.):
At the time of enduring hardships, his fruitional body was left by the Nirañjanā river while an exalted wisdom body proceeded to Akanishta, attained enlightenment as the Enjoyment Body, and then exalted wisdom body re-entered the body enduring hardships.
Therefore:
- The deeds up to and including the enduring of hardships are asserted as Bodhisattva deeds, due to engaging in proceeding towards the essence of enlightenment and so forth
- The remaining deeds are posited as Buddha deeds.
དེ་ལྟར་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་པོའི་སྤྲུལ་སྐུ་དེ་ཡིན་ན་དགེ་སློང་ཡིན་པས་ཁྱབ་སྟེ། དེ་ཡིན་ན་མཆོག་གི་སྤྲུལ་སྐུ་ཡིན་དགོས་པའི་ཕྱིར།
As such: if it is the Emanation Body displaying the twelve deeds, it pervaded by being a Gelong because if it is that, it is necessarily a Supreme Emanation Body.
དེ་ལྟར་སྟོན་པའི་ཞིང་དེ་ཡིན་ན། འཛམ་བུའི་གླིང་ཡིན་པས་མ་ཁྱབ་སྟེ། བདེ་བ་ཅན་གྱི་སངས་རྒྱས་འོད་དཔག་མེད་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་པོ་ཡིན་པ་གང་ཞིག
བདེ་བ་ཅན་གྱི་ཞིང་འཛམ་བུའི་གླིང་མ་ཡིན་པའི་ཕྱིར་ཏེ། དེ་འདོད་ཁམས་མ་ཡིན་པའི་ཕྱིར།
If it is a world where those are displayed, it is not pervaded by being Jambudvipa because 1) Buddha Amitābha is the displayer of the twelve deeds in Sukhāvatī and 2) Sukhāvatī is not Jambudvipa; because it is not in the Desire Realm.
དེ་ཁམས་གསུམ་པོ་གང་རུང་མ་ཡིན་ཏེ།
དེ་སྔོན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་འབྱུང་གནས་ཀྱི་སྨོན་ལམ་དང་དགེ་རྩ་རླབས་པོ་ཆེ་བསགས་པའི་མཐུ་ལས་བྱུང་བ་ཡིན་པའི་ཕྱིར།
It is not any of the Three Realms because it arose through the force of the accumulated prayers and vast roots of virtue of the previous Bodhisattva Dharmākara.
ཐར་འདོད་ཀྱི་གདུལ་བྱ་རྣམས་མྱང་འདས་ཀྱི་གོ་འཕང་ལ་འགོད་ཚུལ་དེ་ཇི་ལྟར་ཡིན་ཞེ་ན།
How do they set disciples seeking liberation in the state of nirvana?
ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གདུལ་བྱ་རྣམས་ཀྱི་སྡིག་སྒྲིབ་ཕྱི་རོལ་གྱི་དྲི་མ་ཆུས་བཀྲུ་བ་ལྟར་ཡང་བྱར་མེད།
གདུལ་བྱ་རྣམས་ཀྱི་སྡུག་བསྔལ་ཕྱག་གིས་ཚེར་མ་འདོན་པ་ལྟར་ཡང་བྱར་མེད། གདུལ་བྱ་ལ་རང་ཉིད་ཀྱིས་བརྙེས་པའི་སྤངས་རྟོགས་ཀྱི་ཡོན་ཏན་རྣམས་བྱིན་ཏེ།
རང་ཉིད་ཀྱིས་བརྙེས་པའི་གོ་འཕང་ལ་འགོད་པར་ཡང་བྱར་མེད་པས།
The Muni Buddha Bhagavan cannot wash away disciples' negativities and obscurations like washing out stains with water; he also cannot remove disciples' sufferings with his hands like taking out a thorn; he also cannot give disciples the qualities of abandonment and realisation he has gained and set them in the state he has gained;
དེས་ན་གདུལ་བྱ་རྣམས་ལ་རང་རང་གི་བསམ་པ་དང་མཐུན་པའི་ངོས་ནས་ཆོས་བསྟན་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་དགོས་པས།
Therefore, he must set them in the states of liberation and omniscience through teaching the dharma to disciples in accordance with their individual attitudes.
སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་དད་པར་བྱས། ཐུགས་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་གྱིས་གདུལ་བྱ་རང་རང་གི་ཁམས་དང་། བསམ་པ་དང་། དབང་པོ་དང་།
བག་ལ་ཉལ་གྱི་རིམ་པ་བརྟག གསུང་རྗེས་བསྟན་གྱི་ཆོ་འཕྲུལ་གྱིས་རང་རང་གི་བསམ་པ་དང་མཐུན་པའི་ཆོས་སྟོན་པའི་སྒོ་ནས་ལམ་ལ་འཁྲིད་དགོས།
Therefore, it is necessary to lead along the path by way of:
- Body: through the miraculous powers of magical emanations he creates faith
- Mind: through the miraculous power of expression he examines the levels of the disciples' dispositions, attitudes, faculties, and latencies
- Speech: through the miraculous power of teaching that teaches them the dharma concordant with their respective attitudes.
See also: Twelve Deeds
Up a level: Resultant Dharmakaya (4-Bodies GM)