Two Truths
Basis of the division: all objects of knowledge.
Definite in number as:
- Ultimate Truth དོན་དམ་བདེན་པ།
- Conventional Truth ཀུན་རྫོབ་བདེན་པ།
One entity, different isolates.
སྤྱོད་འཇུག་ལས། ཀུན་རྫོབ་དང་ནི་དོན་དམ་སྟེ། །འདི་ནི་བདེན་པ་གཉིས་སུ་འདོད། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད།
Śāntideva’s Bodhisattvacaryāvatāra says:
The conventional and ultimate:
These are asserted as the two truths.
The ultimate is not the object of utilisation of awareness;
Awareness is asserted as being conventional.
Etymologies:
བུམ་པའི་ཆོས་ཉིད་ལ་དོན་དམ་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།
བློ་དོན་དམ་པ་མ་འཁྲུལ་བ་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་གཟིགས་ངོར་བདེན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར།
Dharmatā of a vase is called a “ultimate truth” because of being true from the perspective of an ultimate unmistaken awareness, i.e. an Arya’s exalted wisdom of meditative equipoise.
བུམ་པ་ལ་ཀུན་རྫོབ་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བློ་ཀུན་རྫོབ་པ་དབང་ཤེས་ཀྱི་ངོར་བདེན་གྱི་དོན་ལ་རྫུན་པས་དེ་ལྟར་བརྗོད་པའི་ཕྱིར།
A vase is called a “conventional truth” because of being false in reality but true from the perspective of a conventional awareness, i.e. a sense consciousness.
དབང་ཤེས་ལ་བློ་ཀུན་རྫོབ་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པར་བྱེད་པའི་བློ་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར།
A sense consciousness is called a “conventional awareness” because of being an awareness that obscures the seeing of thusness.
See also: Presentation of the two truths (Madhyamaka)
Up a level: Mahayana Instructions