Uninterrupted peak application
མཁྱེན་གསུམ་བསྡུས་བསྒོམས་རབ་ཏུ་གྱུར་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་གང་ཞིག
རང་གི་འབྲས་བུར་གྱུར་པའི་རྣམ་མཁྱེན་དངོས་སུ་སྐྱེད་བྱེད། བར་ཆད་མེད་པའི་རྩེ་སྦྱོར་གྱི་མཚན་ཉིད།
Definition: That which is:
- A final bodhisattva yoga conjoined with the wisdom of thoroughly transformed collective cultivation of the three exalted knowers; and
- Direct producer of the exalted knower of all aspects that is its result.
རྒྱུན་མཐའི་བར་ཆད་མེད་ལམ་ལྟ་བུ།
Illustration: uninterrupted path at the end of the continuum
See: Dharma Cloud
མདོ་ལས་བར་ཆད་མེད་པའི་རྩེ་སྦྱོར་བསོད་ནམས་མང་པོས་མཚོན་ནས་བསྟན་པ་ཡིན་ཏེ། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་བཀོད་པའི་དགེ་བ་དཔེར་མཛད་ནས་དེ་བས་ཀྱང་བསོད་ནམས་ཆེས་མང་བས་མཚོན་ནས་བསྟན་པའི་ཕྱིར།
In the sutra, uninterrupted peak application is indicated through illustrations of great merit because it indicates it through taking the example of the virtue of setting all sentient beings of a trillion world-systems in the level of Hearers and Solitary Realisers and illustrating that as being of far greater merit.
དེ་ལྟར་སྟོན་པའི་རྒྱུ་མཚན་ཡོད་དེ། དེའི་འབྲས་བུ་རྣམ་མཁྱེན་དེ་བསོད་ནམས་མང་བས་དེ་ལྟར་བསྟན་པའི་ཕྱིར།
Reason for indicating as such: Since its result, the exalted knower of all aspects, is of great merit.
བར་ཆད་མེད་པའི་རྩེ་སྦྱོར་ཆོས་ཅན། ཁྱད་ཆོས་གསུམ་དང་ལྡན་ཏེ།
The uninterrupted peak application possesses three distinguishing features:
- Object of observation དམིགས་པའི་ཁྱད་པར།
- Empowering condition བདག་པོའི་ཁྱད་པར།
- Aspect རྣམ་པའི་ཁྱད་པར།
ཕུང་པོ་བདེན་མེད་ཆོས་ཅན། བར་ཆད་མེད་པའི་རྩེ་སྦྱོར་གྱི་དམིགས་པ་ཡིན་ཏེ། དེའི་སྒྲོ་འདོགས་གཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར།
The subject - the selfless aggregates - they are the object of observation of uninterrupted peak application because of being its basis of eliminating superimpositions.
བར་ཆད་མེད་པའི་རྩེ་སྦྱོར་དེའི་དེ་མ་ཐག་རྐྱེན་ལ་ཡོད་པའི་ཐེག་ཆེན་སེམས་བསྐྱེད་ཆོས་ཅན། བར་ཆད་མེད་པའི་རྩེ་སྦྱོར་གྱི་བདག་རྐྱེན་ཡིན་ཏེ།
བར་ཆད་མེད་པའི་རྩེ་སྦྱོར་རང་དབང་དུ་སྐྱེད་བྱེད་ཡིན་པའི་ཕྱིར།
The subject - the Mahayana mind generation existing in the immediately preceding condition of that uninterrupted peak application - it is the empowering condition of uninterrupted peak application because it is the self-powered producer of the uninterrupted peak application.
བར་ཆད་མེད་པའི་རྩེ་སྦྱོར་ཆོས་ཅན། རྣམ་པ་གཉིས་སྣང་གི་སྤྲོས་པ་ཉེ་བར་ཞི་བ་ཉིད་དང་ལྡན་ཏེ།
ཕུང་སོགས་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར།
The subject - uninterrupted peak application - it possesses the aspect of pacification of elaborations of dualistic appearances because it is a final Bodhisattva yoga directly realising the aggregates and so forth as lacking true existence.
བར་ཆད་མེད་རྩེའི་དམིགས་པ་ཆོས་ཅན། ཁྱོད་ལ་དངོས་སྨྲ་བས་ཀླན་ཀ་འབྱུང་བའི་རྒྱུ་མཚན་ཡོད་དེ།
ཁྱོད་བདེན་གཉིས་ཀྱི་རྣམ་དབྱེ་ལ་མི་མཁས་པའི་དངོས་སྨྲ་བས་རྟོགས་པར་དཀའ་བའི་ཟབ་དོན་ཡིན་པའི་ཕྱིར།
The subject - the objects of observation of uninterrupted peak application - there is a reason for the arising of disputes by the Proponents of Things because it is the profound meaning that is difficult to realise by the Proponents of Things who are not skilled in the classification of the two truths.
Up a level: Perfection of Wisdom