Unripened instantaneous application

བྱ་རྫོགས་ཀྱི་སྐད་ཅིག་མའི་ཐུང་མཐའ་གཅིག་ལ་ཟག་མེད་རྣམ་པར་སྨིན་པ་མ་ཡིན་པའི་ཆོས་གཅིག་མངོན་དུ་བྱས་པ་ན།
དེ་དང་རིགས་མཐུན་པའི་ཆོས་ཐམས་ཅད་མངོན་དུ་བྱེད་ནུས་པའི་ནུས་པ་ཐོབ་པའི་སྒོ་ནས་ཤེས་སྒྲིབ་ཀྱི་དངོས་གཉེན་བྱེད་པའི་རིགས་སུ་གནས་པའི་
སེམས་དཔའི་རྣལ་འབྱོར་མཐར་ཐུག་དེ། རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་སྦྱོར་གྱི་མཚན་ཉིད།
Definition: A final Bodhisattva yoga abiding in the class of direct antidotes to the knowledge obscurations by way of having attained the ability such that when a single unripened uncontaminated quality is actualised, all qualities of concordant class are realised in a single shortest instant for completing an action.

རྒྱུན་མཐའི་བར་ཆད་མེད་ལམ་ཆོས་ཅན། རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་སྦྱོར་ཡིན་ཏེ། སྦྱིན་པ་ལ་སོགས་པའི་ངོ་བོར་གྱུར་པའི་ཡེ་ཤེས་དམིགས་པར་བྱ་བའི་
སྐད་ཅིག་མ་གཅིག་པོ་སྟེ། རེ་རེའི་ངོ་བོ་ཡུལ་དུ་བྱས་པས་ཀྱང་སྦྱིན་སོགས་ནས་དཔེ་བྱད་བརྒྱད་ཅུའི་བར་གྱི་མཚན་ཉིད་ཀྱི་ཟག་མེད་ཀྱི་ཆོས་རྣམས་བྱ་རྫོགས་ཀྱི་
སྐད་ཅིག་མ་གཅིག་ལ་ཡུལ་དུ་བྱེད་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར།
The subject - the uninterrupted path at the end of the continuum - it is an unripened instantaneous application because it is a final Bodhisattva yoga conjoined with the wisdom that takes uncontaminated qualities (characterised by generosity and so forth and up to the eighty signs) as its object in a single instant for the completion of an action, even having taken their individual entities as its object, i.e. a single instant observed by an exalted wisdom whose entity is the six perfections and so forth.

དེ་ཆོས་ཅན། བྱ་རྫོགས་ཀྱི་སྐད་ཅིག་མ་གཅིག་པའི་ཐུང་མཐའ་གཅིག་ལ་ཟག་མེད་རྣམ་པར་སྨིན་པ་མ་ཡིན་པའི་ཆོས་གཅིག་མངོན་དུ་བྱས་པ་ན་དེ་དང་རིགས་མཐུན་པའི་
ཟག་མེད་ཀྱི་ཆོས་ཐམས་ཅད་མངོན་དུ་བྱེད་ནུས་པའི་རྒྱུ་མཚན་ཡོད་དེ། སྔོན་བྱ་རྫོགས་ཀྱི་སྐད་ཅིག་མ་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་རྟོགས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་སྨོན་ལམ་གྱི་དོན་གྲུབ་ཅིང་ཆོས་ཐམས་ཅད་ཆོས་དབྱིངས་སུ་ཐ་མི་དད་པའི་ཕྱིར།
That subject, there is a reason for the ability such that when a single unripened uncontaminated quality is actualised, all qualities of concordant class are realised in a single shortest instant for completing an action:

དཔེར་ན་སྔོན་བཟོ་བོ་མཁས་པས་ཟོ་ཆུན་གྱི་འཁོར་ལོ་ལེགས་པར་བཅོས་པ་དེ་སྐྱེས་བུའི་རྩོལ་བས་རྡོག་ཐབས་ཀྱིས་བསྐྱོད་པ་ན་
ཐམས་ཅད་འབད་མེད་དུ་འཁོར་བ་ལྟར་ཡིན་པའི་ཕྱིར།
For example, when a water-mill that was well made by a master craftsman is turned at one place through a being's effort, then the entire wheel turns effortlessly.


Up a level: Instantaneous application