Yogic grounds
རང་གི་འབྲས་བུར་གྱུར་པའི་ཡོན་ཏན་དུ་མའི་རྟེན་བྱེད་པའི་ལམ་ཞུགས་ཀྱི་མཁྱེན་པ། རྣལ་འབྱོར་གྱི་སའི་མཚན་ཉིད།
Definition: An exalted knower of a path-enterer that acts to support its many resultant qualities.
Mutually inclusive with: path / ground
Division by way of support: རྟེན་གྱི་སྒོ་ནས།
- Hearer yogic grounds ཉན་ཐོས་ཀྱི་དེ།
- Solitary Realiser yogic grounds རང་རྒྱལ་གྱི་དེ།
- Mahayana yogic grounds ཐེག་ཆེན་གྱི་དེ།
Division by way of object: ཡུལ་གྱི་སྒོ་ནས།
- Yogic grounds realising the selflessness of persons གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་གྱི་ས།
- Yogic grounds realising non-duality གཉིས་སྟོང་རྟོགས་པའི་རྣལ་འབྱོར་གྱི་ས།
- Yogic grounds realising emptiness of true existence བདེན་སྟོང་རྟོགས་པའི་རྣལ་འབྱོར་གྱི་ས།
ས་མཚམས་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་དོ།
Boundaries: exists from the path of accumulation and up to Buddha-ground.
Selflessness of persons
བསམ་བྱུང་གི་རིགས་པས་གང་ཟག་གི་བདག་མེད་གཏན་ལ་འབེབས་ཚུལ་ཡོད་དེ།
ཉེར་ལེན་གྱི་ཕུང་པོ་ཆོས་ཅན། ཚོགས་རྒྱུན་གང་ལ་ཡང་བཏགས་ཙམ་མ་ཡིན་པའི་གང་ཟག་གི་བདག་གིས་སྟོང་སྟེ། སྐྱེ་འཇིག་ཅན་ཡིན་པའི་ཕྱིར།
ཁྱབ་སྟེ། གང་ཟག་གི་བདག་ཡིན་ན། སྐྱེ་འཇིག་མི་བྱེད་པས་ཁྱབ་པའི་ཕྱིར། ཞེས་པའི་རིགས་པ་ལ་བརྟེན་ནས་གཏན་ལ་འབེབས་པའི་ཕྱིར།
Mode of settling the selflessness of persons through reasoning arisen through contemplation:
The subject - the appropriated aggregates - they are empty of a self of persons that is not merely imputed upon either collection or continuum because of possessing production and disintegration.
There is pervasion because: if it is a self of persons, it is pervaded by not being produced or disintegrating.
སྒོམ་བྱུང་གི་རྣལ་འབྱོར་ལ་བརྟེན་ནས་གང་ཟག་གི་བདག་མེད་སྒོམ་ཚུལ་ཡོད་དེ། དང་པོར་བསམ་བྱུང་གི་རིགས་པས་གང་ཟག་གི་བདག་མེད་གཏན་ལ་ཕབ་ནས།
དེའི་རྗེས་སུ་མཉམ་གཞག་ཏུ་ཞི་གནས་ལ་བརྟེན་ནས་གང་ཟག་གི་བདག་མེད་དོ་སྙམ་དུ་སྒོམ་པར་བྱེད་པའི་ཕྱིར།
Mode of cultivating the selflessness of persons in dependence upon a yoga arisen through meditation:
Having first settled the selflessness of persons by means of reasoning arisen through contemplation, then subsequently cultivating the thought "A self of persons does not exist" in dependence upon calm abiding in meditative equipoise.
དེ་ལྟར་བསྒོམས་པ་ཆོས་ཅན། དགོས་པ་ཡོད་དེ། གང་ཟག་གི་བདག་ཏུ་མངོན་པར་ཞེན་པ་ལྡོག་པར་འགྱུར་བའི་ཕྱིར་དང་། ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་བཟུང་བ་དང་། ཉན་ཐོས་ཀྱི་ལམ་ལ་ཤེས་མཐོང་གིས་བལྟས་ནས་འདའ་བར་བྱེད་པའི་ཆེད་ཡིན་པའི་ཕྱིར།
There is a purpose for such cultivation:
- Because adherence to the self of persons will be eliminated
- In order to take care of Hinayana lineage-bearers and to surpass the Hearer paths through seeing and knowing
དང་པོ་གྲུབ་སྟེ།
དེ་ལྟར་བསྒོམས་པས་བདག་ལྟ་དང་དམིགས་ཡུལ་ཕུང་པོ་གཅིག་ལ་དམིགས་ཤིང་འཛིན་སྟངས་དངོས་སུ་འགལ་བའི་སྒོ་ནས་ཕུང་པོའི་གནས་ལུགས་ལ་ཞུགས་པའི་ཕྱིར།
The first is established because of engaging in the mode of abiding of the aggregates by way of having the same object of observation as the view of self (i.e. the aggregates) but with a directly contradictory mode of apprehension.
Emptiness of duality
བསམ་བྱུང་གི་རིགས་པ་ལ་བརྟེན་ནས་གཉིས་སྟོང་གཏན་ལ་འབེབས་ཚུལ་ཡོད་དེ།
སྔོན་པོ་དང་སྔོན་འཛིན་ཚད་མ་ཆོས་ཅན། རྫས་གཞན་མ་ཡིན་ཏེ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། ཞེས་པའི་རྟགས་ལ་བརྟེན་ནས་གཏན་ལ་འབེབས་པའི་ཕྱིར།
Mode of settling the emptiness of duality through reasoning arisen through contemplation:
The subject - blue and the valid cogniser apprehending blue - they are not different substances because of definite concurrent observation.
སྒོམ་བྱུང་གི་རྣལ་འབྱོར་ལ་བརྟེན་ནས་གཉིས་སྟོང་སྒོམ་ཚུལ་ཡོད་དེ། དང་པོར་བསམ་བྱུང་གི་རིགས་པས་གཉིས་སྟོང་གཏན་ལ་ཕབ་ནས།
དེའི་རྗེས་སུ་མཉམ་གཞག་ཏུ་ཞི་གནས་ལ་བརྟེན་ནས་ཁམས་གསུམ་པོ་འདི་ནི་སེམས་ཙམ་ཡིན་གྱི་ཕྱི་རོལ་གྱི་དོན་ནི་མེད་དོ་སྙམ་དུ་སྒོམ་པའི་ཕྱིར།
Mode of cultivating the emptiness of duality in dependence upon a yoga arisen through meditation:
Having first settled the emptiness of duality by means of reasoning arisen through contemplation, then subsequently cultivating the thought "The three realms are mind only; external objects do not exist" in dependence upon calm abiding in meditative equipoise.
དེ་ལྟར་བསྒོམས་པ་ཆོས་ཅན། དགོས་པ་ཡོད་དེ། དེ་ལྟར་བསྒོམས་པ་ལ་བརྟེན་ནས་འཛིན་པ་ལ་བདེན་ཞེན་ཟློག་མི་ནུས་ཀྱང་།
གཟུགས་སོགས་ཕྱི་རོལ་དོན་དུ་སྣང་བའི་གཉིས་སྣང་འཁྲུལ་པར་ཁོང་དུ་ཆུད་པར་བྱ་བའི་ཆེད་ཡིན་པའི་ཕྱིར།
There is a purpose for such cultivation: Although adherence to the true existence of apprehenders cannot be overcome in dependence upon such cultivation, it is in order to realise that dualistic appearances (whereby forms and so forth appear as external objects) are mistaken.
རྗེས་ཐོབ་ཏུ་ཡིད་ལ་བྱེད་པའི་རིམ་པ་ཡོད་དེ། གཟུང་བ་རྫས་གཞན་མེད་ན་དེ་སྣང་བའི་འཛིན་པ་མ་འཁྲུལ་པ་མེད་དོ་སྙམ་དུ་ངེས་པར་སེམས་པས་འཛིན་པའི་རྣམ་པའི་
མཚན་ཉིད་རྣམ་པར་རིག་པ་མ་འཁྲུལ་པ་འཛིན་པར་བསལ་ཏེ། གཉིས་སྟོང་མངོན་སུམ་དུ་རྟོགས་པའི་གཉིས་མེད་ཀྱི་ཡེ་ཤེས་འབའ་ཞིག་པ་འདི་ཡང་དག་པ་སྟེ་
མ་འཁྲུལ་པ་ཡིན་པར་ཁོང་དུ་ཆུད་པར་བྱ་བའི་ཆེད་ཡིན་པའི་ཕྱིར།
Order of mental engagement during subsequent attainment: Through ascertaining through thinking "Since apprehendeds do not exist as different substances, unmistaken apprehenders with such appearances do not exist" the apprehension of such unmistaken knowers of the characteristics of the aspects of apprehenders is eliminated, whereby it is realised that only the exalted wisdom of non-duality directly realising the emptiness of duality is correct, i.e. unmistaken.
རྣལ་འབྱོར་གྱི་ས་གཉིས་པ་འདི་ལ་མཉམ་རྗེས་གཉིས་སུ་འཇོག་པའི་རྒྱུ་མཚན་ཡོད་དེ། སྟོང་ཉིད་ཕྲ་མོ་རྟོགས་པའི་དབང་དུ་བྱས་ནས་མཉམ་གཞག་ཏུ་
བདེན་སྟོང་མངོན་སུམ་དུ་རྟོགས་པ་ན་རྗེས་ཐོབ་ཏུ་རྟེན་འབྱུང་སྒྱུ་མར་མྱོང་སྟོབས་ཀྱིས་རྟོགས་པ་ལྟར། མཉམ་གཞག་ཏུ་གཟུང་འཛིན་རྫས་གཞན་གྱིས་སྟོང་པར་མངོན་སུམ་དུ་རྟོགས་པ་ན། རྗེས་ཐོབ་ཏུ་སྔོར་སྣང་དབང་པོའི་ཤེས་པ་ལ་སོགས་པ་གཞན་དབང་མ་འཁྲུལ་པར་འཛིན་པ་ཟློག་ཅིང་འཁྲུལ་པར་མྱོང་སྟོབས་ཀྱིས་རྟོགས་ནུས་པའི་
རྒྱུ་མཚན་གྱིས་དེ་ལྟར་བཞག་པའི་ཕྱིར།
Reason for positing both meditative equipoise and subsequent attainment for this second yogic ground: In terms of realising subtle emptiness, when emptiness of true existence is directly realised in meditative equipoise, then illusion-like dependent-arisings are realised through the force of experience during subsequent attainment. Similarly, when directly realising the emptiness of apprehendeds and apprehenders being different substances in meditative equipoise, then during subsequent attainment one is able to overcome apprehending other-powered natures (sense consciousness to which blue appears and so forth) as unmistaken and realises those to be mistaken through the force of experience.
ལེགས་པར་བཤད་པ་གསེར་གྱི་ཕྲེང་བ་ལས་སྔ་མ་གཟུང་བ་བདེན་མེད་དུ་གཏན་ལ་འབེབས་པ་དང་།
ཕྱི་མ་འཛིན་པ་བདེན་མེད་དུ་གཏན་ལ་འབེབས་པ་ལ་བཤད་ནས་རྣལ་འབྱོར་གྱི་ས་བཞིར་བཤད་དོ།
The Golden Rosary explains four yogic grounds through explaining that first one settles apprehendeds lack of true existence and then later settles apprehenders lack of true existence.
Emptiness of true existence
བསམ་བྱུང་གི་རིགས་པ་ལ་བརྟེན་ནས་བདེན་མེད་གཏན་ལ་འབེབས་ཚུལ་ཡོད་དེ།
གཉིས་མེད་ཀྱི་ཡེ་ཤེས་ཆོས་ཅན། བདེན་པར་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར། དཔེར་ན་སྒྱུ་མ་བཞིན་ཞེས་པའི་རྟགས་ལ་བརྟེན་ནས་བདེན་མེད་གཏན་ལ་འབེབས་པའི་ཕྱིར།
Mode of settling the emptiness of true existence through reasoning arisen through contemplation:
The subject - non-dual exalted wisdom - it lacks true existence because it is a dependent-arising. For example, just like an illusion.
སྒོམ་བྱུང་གི་རྣལ་འབྱོར་ལ་བརྟེན་ནས་གཉིས་མེད་ཀྱི་ཡེ་ཤེས་བདེན་མེད་དུ་སྒོམ་ཚུལ་ཡོད་དེ། དང་པོར་བསམ་བྱུང་གི་རིགས་པས་དེ་བདེན་མེད་དུ་གཏན་ལ་ཕབ་ནས།
དེའི་རྗེས་སུ་མཉམ་གཞག་ཏུ་ཞི་གནས་ལ་བརྟེན་ནས་དངོས་པོ་དང་དངོས་པོ་མེད་པ་དང་།
གཉིས་ཀ་དང་གཉིས་ཀ་མ་ཡིན་པར་རྣམ་པར་བརྟག་པར་བྱ་བའི་ངོ་བོ་དང་བྲལ་བ་ཡིན་ནོ་སྙམ་དུ་སྒོམ་པར་བྱེད་པ་ཡིན་པའི་ཕྱིར།
Mode of cultivating the emptiness of true existence in dependence upon a yoga arisen through meditation:
Having first settled the lack of true existence by means of reasoning arisen through contemplation, then subsequently one cultivates the thought "That is free from the nature that is investigated in terms of things, non-things, both, and neither" in dependence upon calm abiding in meditative equipoise.
དེ་ལྟར་བསྒོམས་པ་ཆོས་ཅན། དགོས་པ་ཡོད་དེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤང་བར་བྱ་བའི་ཆེད་ཡིན་པའི་ཕྱིར།
There is a purpose for such cultivation: In order to abandon the afflictive and knowledge obscurations.
Up a level: Perfection of Wisdom