Established-basis


Divisions:


དངོས་པོ་ལ་དབྱེ་ན་གསུམ་ཡོད་དེ། བེམ་ཤེས་ལྡན་མིན་འདུ་བྱེད་གསུམ་ཡོད་པའི་ཕྱིར།
When functioning thing is divided:

  1. Matter བེམ་པོ།
  2. Consciousness ཤེས་པ།
  3. Non-concomitant compositional factors ལྡན་མིན་འདུ་བྱེད།

བེམ་པོའི་མཚན་ཉིད་ཡོད་དེ། རྡུལ་དུ་གྲུབ་པ་དེ་དེ་ཡིན་པའི་ཕྱིར།
Definition of matter: that which is atomically established.

ཤེས་པའི་མཚན་ཉིད་ཡོད་དེ། གསལ་ཞིང་རིག་པ་དེ་དེ་ཡིན་པའི་ཕྱིར།
Definition of consciousness: that which is clear and knowing.

ལྡན་མིན་འདུ་བྱེད་ཀྱི་མཚན་ཉིད་ཡོད་དེ། བེམ་ཤེས་གང་རུང་མ་ཡིན་པའི་འདུས་བྱས་དེ་དེ་ཡིན་པའི་ཕྱིར།
Definition of non-concomitant compositional factors: a compounded phenomenon that is neither matter or consciousness.


ཡང་གཞི་གྲུབ་ལ་དབྱེ་ན་གཉིས་ཡོད་དེ། གཅིག་དང་ཐ་དད་གཉིས་ཡོད་པའི་ཕྱིར།
Also, when established-basis is divided:

གཅིག་གི་མཚན་ཉིད་ཡོད་དེ། སོ་སོ་བ་མ་ཡིན་པའི་ཆོས་དེ་དེ་ཡིན་པའི་ཕྱིར།
Definition of one: a phenomenon that is not separate.

ཐ་དད་ཀྱི་མཚན་ཉིད་ཡོད་དེ། སོ་སོ་བའི་ཆོས་དེ་དེ་ཡིན་པའི་ཕྱིར།
Definition of different: phenomena that are separate.

See: One and Different


Also, when cognised-objects are divided, there are three: ཡང་གཞལ་བྱ་ལ་དབྱེ་ན་གསུམ་ཡོད་དེ།

  1. Manifest མངོན་གྱུར།
    Definition: That explicitly realised by direct valid cognition མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ།
  2. Obscure ལྐོག་གྱུར།
    Definition: That realised in an obscure manner by the conceptual consciousness apprehending it
    རང་འཛིན་རྟོག་པས་ལྐོག་ཏུ་གྱུར་པའི་ཚུལ་གྱིས་རྟོགས་པར་བྱ་བ།
  3. Very Obscure ཤིན་ཏུ་ལྐོག་གྱུར།
    Definition: That realised in dependence upon believable scriptures ཡིད་ཆེས་ཀྱི་ལུང་ལ་བརྟེན་ནས་རྟོགས་པར་བྱ་བ།

མྱོང་བས་རྟོགས་པར་བྱ་པའི་མངོན་འགྱུར་དང༌།
རྟགས་ལ་བརྟེན་ནས་རྟོགས་པར་བྱ་བའི་ལྐོག་གྱུར་དང༌། ཡིད་ཆེས་པའི་རྟགས་ལ་
བརྟེ ན་ནས་རྟོགས་པར་བྱ་པའི་ཤིན་ཏུ་ལྐོག་གྱུར་དང་གསུམ་ཡོད་པའི་ཕྱིར།


See also: Contaminated and uncontaminated
See also: Substantial and imputed existents
See also: Specifically and generally characterised phenomena


Up a level: Collected Topics