Yogic direct perceivers
རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་སྐྱེས་པ་གང་ཞིག
རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་འཕགས་རྒྱུད་ཀྱི་གཞན་རིག་གི་མཁྱེན་པ་དེ། རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད།
Definition: An exalted other-knower in the continuum of an arya that is 1) unmistaken and free from conceptuality and 2) produced in dependence upon the concentration that is a union of calm-abiding and special insight that is its uncommon empowering condition.
Divisions: རྣལ་འབྱོར་མངོན་སུམ་དུ་གྱུར་པའི་
- Valid cognisers ཚད་མ།
- Subsequent cognisers དཔྱད་ཤེས།
རྣལ་འབྱོར་མངོན་སུམ་དུ་གྱུར་པའི་སྣང་ལ་མ་ངེས་པའི་བློ་ནི་མེད་དེ། རྣལ་འབྱོར་མངོན་སུམ་ཡིན་ན་རང་གི་གཞལ་བྱ་ངེས་པས་ཁྱབ་པའི་ཕྱིར།
There are no yogic direct perceivers that are appearance without ascertainment because if it is a yogic direct perceiver, it is pervaded by ascertaining its cognised-object.
རྣལ་འབྱོར་མངོན་སུམ་དུ་གྱུར་པའི་དཔྱད་ཤེས་ཡོད་ཀྱང་། ཀུན་མཁྱེན་ཡེ་ཤེས་སྐད་ཅིག་གཉིས་པ་ལྟ་བུ་ནི་དཔྱད་ཤེས་མ་ཡིན་ཏེ།
ཀུན་མཁྱེན་ཡེ་ཤེས་ཡིན་ན། ཚད་མ་ཡིན་པས་ཁྱབ་པའི་ཕྱིར།
Although yogic direct perceivers that are subsequent cognisers exist, the second moment of an omniscient exalted wisdom is not a subsequent cogniser because if it is omniscience, it is pervaded by being a valid cogniser.
See also: Yogic direct valid cognisers
Up a level: Direct perceivers