Actual indefinite sign in the proof of that
ཁྱོད་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་གང་ཞིག ཁྱོད་དེ་སྒྲུབ་པ་ལ་ཕྱོགས་ཅན་དུ་སོང་བའི་གང་ཟག་གིས། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་། མི་མཐུན་ཕྱོགས་གཉིས་ཀ་ལ་ཡོད་པར་ངེས་པ་དེ། ཁྱོད་དེ་སྒྲུབ་ཀྱི་དངོས་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་པའི་མཚན་ཉིད།
Definition of x being a directly indefinite sign in the proof of that:
- x is an indefinite sign in the proof of that, and
- the person for whom x has become the property of the position in the proof of that has ascertained that x exists both in the concordant class and the discordant class in the proof of that.
Divisions:
- Actual indefinite sign that pervades the concordant class and the discordant class in the proof of that དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཁྱབ་བྱེད་དང་། མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་དེ།
e.g. The subject - sound - it is permanent because rabbit horns are non-existent.
སྒྲ་ཆོས་ཅན། རྟག་པ་ཡིན་ཏེ། རི་བོང་རྭ་མེད་པའི་ཕྱིར། - Actual indefinite sign that pervades the concordant class but partially applies to the discordant class in the proof of that དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཁྱབ་བྱེད་དང་། མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་དེ།
e.g. The subject - sound of a conch - it is arisen from effort because of being impermanent.
དུང་སྒྲ་ཆོས་ཅན། རྩོལ་བྱུང་ཡིན་ཏེ། མི་རྟག་པ་ཡིན་པའི་ཕྱིར། - Actual indefinite sign that pervades the discordant class but partially applies to the concordant class in the proof of that དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དང་། མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་དེ།
e.g. The subject - sound of a conch - it is not arisen from effort because of being impermanent.
དུང་སྒྲ་ཆོས་ཅན། རྩོལ་བྱུང་མ་ཡིན་ཏེ། མི་རྟག་པ་ཡིན་པའི་ཕྱིར། - Actual indefinite sign that partially applies to both the concordant class and the discordant class in the proof of that དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་དང་མཐུན་ཕྱོགས་གཉིས་ཀ་ལ་རྣམ་གཉིས་སུ་འཇུག་པའི་དེ།
e.g. The subject - sense consciousness to which two moons appear - it is a direct perceiver because of being a sense consciousness.
ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན། མངོན་སུམ་ཡིན་ཏེ། དབང་ཤེས་ཡིན་པའི་ཕྱིར།
(Pramanavartika:) Actual illustration of the fourth:
The subject – sound – it is permanent because it is a definiendum. སྒྲ་ཆོས་ཅན། རྟག་སྟེ། མཚོན་བྱ་ཡིན་པའི་ཕྱིར།
བཞི་པ་ནི། ཕྱོགས་ཆོས་འཁོར་ལོ་ལས། སྒྲ་ཆོས་ཅན། རྟག་སྟེ། རེག་བྱ་ཅན་མ་ཡིན་པའི་ཕྱིར། ཞེས་བཤད་པ་ནི། བྱེ་བྲག་པའི་བློ་ངོ་ལ་ལྟོས་ནས་བཤད་པ་ཡིན་གྱི།
Regarding the fourth, [Dignāga’s] Wheel of the Property of the Position explains is to be: The subject – sound – it is permanent because it is not a tangibility-possessor. This explanation is in relation to the perspective of Vaiśeṣikas.
རེག་བྱ་ཅན་མ་ཡིན་པ་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་རྣམ་གཉིས་སུ་མི་འཇུག་སྟེ། རྟག་པ་ཡིན་ན་རེག་བྱ་ཅན་མ་ཡིན་དགོས་པའི་ཕྱིར།
“Not a tangibility-possessor” does not partially apply to the concordant class in the proof that sound is permanent because if it is permanent, then it is necessarily not a tangibility-possessor.
བྱེ་བྲག་པའི་ངོ་བོར་རེག་བྱ་ཅན་མ་ཡིན་པ་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་སྟེ། བྱེ་བྲག་པས་རེག་བྱ་ཅན་ཡིན་ལ་རྟག་པ་ཡིན་པའང་འདོད།
དེས་རྟག་པ་ཡིན་ལ་རེག་བྱ་ཅན་མ་ཡིན་པའང་འདོད་པའི་ཕྱིར།
“Not a tangibility-possessor” partially applies to the concordant class in the proof that sound is permanent from the perspective of Vaiśeṣikas because 1) Vaiśeṣikas assert [the existence of] that which is a tangibility-possessor and is permanent and 2) they also assert [the existence of] that which is permanent and is not a tangibility-possessor.
དང་པོ་གྲུབ་སྟེ། དེས་འབྱུང་བཞིའི་རྡུལ་ཕྲན་རྟག་པར་འདོད། རེག་བྱ་ཅན་དུའང་འདོད་པའི་ཕྱིར།
The first is established because they assert that the particles of the four elements are permanent and that they are also tangibility-possessors.
Up a level: Common indefinite sign in the proof of that