Common indefinite sign in the proof of that
ཁྱོད་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་གང་ཞིག ཁྱོད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་
ངེས་པ་དང་། གང་ཟག་དེས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པར་ངེས་པ་གང་རུང་ཡིན་པའི་གཞི་མཐུན་པ་དེ།
ཁྱོད་དེ་སྒྲུབ་ཀྱི་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད།
Definition of x being a common indefinite sign in the proof of that:
That which is the common locus of:
- x being an indefinite sign in the proof of that; and
- the person for whom x has become the property of the position in the proof of that has either:
- ascertained that x exists in the concordant class in the proof of that, or
- ascertained that x exists in the discordant class in the proof of that.
ཁྱོད་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་གང་ཞིག །ཁྱོད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་པའི་གང་ཟག་དེས་ཁྱོད་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དང་།
དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཐུན་མོང་དུ་ཡོད་པར་ངེས་པ་དང་། དེས་ཁྱོད་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དང་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་
ཐུན་མོང་དུ་ཡོད་པར་ངེས་པ་གང་རུང་ཡང་ཡིན་པའི་གཞི་མཐུན་པ་དེ། དེ་སྒྲུབ་ཀྱི་ཐུན་མོང་གི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད།
(Pramanavartika:) Definition of a common indefinite reason in the proof of that: The common locus of:
- x being an indefinite reason in the proof of that and
- the person for whom x holds as the property of the position in the proof of that either:
- ascertains x as commonly existing in the subject sought to be known in the proof of that and the concordant class [in the proof of that]; or
- ascertains x as commonly existing in the subject sought to be known in the proof of that and in the discordant class in the proof of that.
Divisions:
- Actual indefinite sign in the proof of that དེ་སྒྲུབ་ཀྱི་དངོས་ཀྱི་མ་ངེས་པའི་གཏན་ཚིགས།
- Indefinite sign with remainder in the proof of that དེ་སྒྲུབ་ཀྱི་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས།
- Common indefinite sign in the proof of that which is neither of those two
དེ་གང་རུང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས།
Up a level: Indefinite sign in the proof of that