Consequence observing a nature and conveying an autonomous sign of non-observation of a pervader
བརྒྱད་པའི་མཚན་གཞི་ཡོད་དེ། ཤིང་གིས་དབེན་པའི་བྲག་རྫོང་ན་ཆོས་ཅན། ཤིང་ཡོད་པར་ཐལ། ཤ་པ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་དེ་དེ་ཡིན་པའི་ཕྱིར།
Illustration: The subject - a craggy cliff devoid of trees - it follows that trees exist because an Ashoka exists.
ཁྱོད་ཀྱིས་འཕངས་པའི་ཤིང་མེད་པ་དེ། ཤིང་གིས་དབེན་པའི་བྲག་རྫོང་དུ་ཤ་པ་མེད་པར་སྒྲུབ་པར་བྱེད་པའི་ཁྱབ་བྱེད་མ་དམིགས་པའི་
རྟགས་ཡང་དག་ཡིན་པ་གང་ཞིག ཁྱོད་རང་བཞིན་དམིགས་པའི་ཐལ་འགྱུར་ཡིན་པའི་ཕྱིར།
That is because:
- The non-existence of trees conveyed by that consequence is a correct sign of the non-observation of a pervader in the proof that on a craggy cliff devoid of trees Ashoka do not exist; and
- It is a consequence of observation of a nature.
ཁྱོད་ཤ་པ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡང་དག་ཡིན་པ་གང་ཞིག ཤ་བ་ཤིང་དང་རང་བཞིན་གཅིག་ཡིན་པའི་ཕྱིར།
The second reason is established because:
- It is a correct consequence setting forth "Ashoka" as its sign; and
- Ashoka is same nature with tree.
Up a level: Correct consequence conveying an opposite of different type