Consequence observing a result and conveying an autonomous sign of non-observation of a cause

བདུན་པའི་མཚན་གཞི་ཡོད་དེ། མེ་མེད་མཚན་མོའི་རྒྱ་མཚོར་ཆོས་ཅན། མེ་ཡོད་པར་ཐལ། དུ་བ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་དེ་དེ་ཡིན་པའི་ཕྱིར།
Illustration: The subject - in the fireless night-time ocean - it follows fire exists because smoke exists.

ཁྱོད་ཀྱིས་འཕངས་པའི་མེ་མེད་པ་དེ། མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པར་བྱེད་པའི་རྒྱུ་མ་དམིགས་པའི་རྟགས་ཡང་དག་ཡིན་པ་གང་ཞིག
ཁྱོད་འབྲས་བུ་དམིགས་པའི་ཐལ་འགྱུར་ཡིན་པའི་ཕྱིར།
That is because:

  1. The non-existence of fire conveyed by that consequence is a correct sign of the non-observation of a cause in the proof that in the fireless night-time ocean smoke does not exist; and
  2. It is a consequence of observation of a result.

ཁྱོད་དུ་བ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡང་དག་གང་ཞིག དུ་བ་མེའི་འབྲས་བུ་ཡིན་པའི་ཕྱིར།
The second reason is established because:

  1. It is a correct consequence setting forth "smoke" as a sign; and
  2. Smoke is the result of fire.

Up a level: Correct consequence conveying an opposite of different type