Consequence observing a result contradictory with a nature and conveying an autonomous sign observing a nature contradictory with a cause
དང་པོའི་མཚན་གཞི་ཡོད་དེ། མེ་སྟོབས་ཆེན་པོས་ནོན་པའི་གཞིར་ཆོས་ཅན། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་མ་ཡིན་པར་ཐལ།
གྲང་འབྲས་སྤུ་ལོང་བྱེད་རྒྱུན་ཆགས་པ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་དེ་དེ་ཡིན་པའི་ཕྱིར།
Illustration: The subject - a place pervaded by a great powerful fire - it follows that it is not pervaded by a great powerful fire because of the existence of the continuous creator of goosebumps (which is the result of coldness).
ཁྱོད་ཀྱིས་འཕངས་པའི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་དེ། དེས་ཁྱབ་པར་ནོན་པའི་གཞིར།
གྲང་འབྲས་སྤུ་ལོང་བྱེད་རྒྱུན་ཆགས་མེད་པར་སྒྲུབ་པར་བྱེད་པའི་རྒྱུ་དང་འགལ་བའི་རང་བཞིན་དམིགས་པའི་རང་རྒྱུད་ཀྱི་རྟགས་ཡང་དག་ཡིན་པ་གང་ཞིག
ཁྱོད་རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་ཡིན་པའི་ཕྱིར།
This is because:
- The pervasion of a great powerful fire conveyed by that consequence is a correct autonomous sign of observation of a nature contradictory with a cause in the proof that a place pervaded by that does not have the continuous creator of goosebumps (which is the result of coldness); and
- It is a consequence of observation of a result contradictory with a nature.
The second reason is established because:
- The opposite of its predicate is: pervasion by a great powerful fire.
ཁྱོད་ཀྱི་ཆོས་ལོག་ཏུ་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་དེ་སོང་། - The nature of that is: pervasion by a great powerful hot and burning.
དེའི་རང་བཞིན་དུ་ཚ་ཞིང་སྲེག་པ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་དེ་སོང་། - The opposite of that is: continuous coldness.
དེ་དང་འགལ་བར་གྲང་རེག་རྒྱུན་ཆགས་པ་དེ་སོང་། - The result of that is: the continuous creator of goosebumps (which is the result of coldness)
དེའི་འབྲས་བུར་གྲང་འབྲས་སྤུ་ལོང་བྱེད་རྒྱུན་ཆགས་པ་དེ་སོང་། - It is a consequence setting forth "the continuous creator of goosebumps (which is the result of coldness)" as its sign. ཁྱོད་གྲང་འབྲས་སྤུ་ལོང་བྱེད་རྒྱུན་ཆགས་པ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་པའི་ཕྱིར།
Up a level: Correct consequence conveying an opposite of different type