Correct sign of non-observation of the related object that is suitable to appear

དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཀྱང་ཡིན། མེད་དགག་ཀྱང་ཡིན་པའི་གཞི་མཐུན་པ།
སྣང་རུང་གི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད།
Definition:
That which is a common locus of:

  1. being a correct sign of non-observation of that suitable to appear in the proof of that
  2. being a Non-implicative negation.

དེ་སྒྲུབ་ཀྱི་མ་དམིགས་པའི་ཚུལ་གསུམ་གང་ཞིག །དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་འབྲེལ་ཡུལ་བཀག་པའི་མེད་དགག་རྟགས་སུ་སྦྱར་བ།
དེ་སྒྲུབ་ཀྱི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད།
(Pramanavartika:) Definition: That which is

  1. The three modes of non-observation in the proof of that; and
  2. A non-implicative negation that is applied as a sign negating a related-object of the property of the negandum in the proof of that.

Divisions:

  1. Correct sign of non-observation of a cause that is suitable to appear རྒྱུ།
    e.g. Taking the subject - on a lake at night - there is no smoke because there is no fire.
    མཚན་མོའི་རྒྱ་མཚོར་ཆོས་ཅན། དུ་བ་མེད་དེ། མེ་མེད་པའི་ཕྱིར།

  2. Correct sign of non-observation of a pervader that is suitable to appear ཁྱབ་བྱེད།
    e.g. Taking the subject - on a craggy cliff where trees are not observed by valid cognition - there are no Ashoka trees because there are no trees. ཤིང་ཚད་མས་མ་དམིགས་པའི་བྲག་རྫོང་དུ་ཆོས་ཅན། ཤ་པ་མེད་དེ། ཤིང་མེད་པའི་ཕྱིར།

  3. Correct sign of non-observation of a nature that is suitable to appear རང་བཞིན།
    e.g. Taking the subject - in a place where a vase is not observed by valid cognition - there is no vase because vase is not observed by valid cognition.
    བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་སུ་ཆོས་ཅན། བུམ་པ་མེད་དེ། བུམ་པ་ཚད་མས་མ་དམིགས་པའི་ཕྱིར།

  4. Correct sign of non-observation of a direct result that is suitable to appear དངོས་འབྲས།
    e.g. Taking the subject - in an enclosed place devoid of smoke - there is no direct cause of smoke because there is no direct result of smoke. དུ་བས་དབེན་པའི་རྩིག་སྐོར་དུ་ཆོས་ཅན། དུ་བའི་དངོས་རྒྱུ་མེད་དེ། དངོས་འབྲས་དུ་བ་མེད་པའི་ཕྱིར།

Illustrations (Pramanavartika):
དགུན་མཚོ་ཆེན་པོ་མི་གཡོ་བ་རླངས་པ་འཐུལ་བ་དུས་ནམ་མཁའ་འོ་ཟི་ཙམ་དུ་གྱུར་པ་ན། དུ་བ་དང་རླངས་པའི་ཁྱད་པར་མི་ཤེས་ཤིང་།
མེ་ཡོད་ན་ངེས་ནུས་པའི་ཚེ། མེས་དབེན་པའི་མཚོ་ཆེན་པོ་འདི་ཆོས་ཅན། དུ་བ་མེད་དེ། མེ་མེད་པའི་ཕྱིར། ཞེས་པ་ལྟ་བུ།
At the time during winter when steam-fog rises from a great still lake and the light in the sky is weak, such that one cannot tell the difference between smoke and steam-fog but can ascertain if there was fire, then:
The subject – this great lake devoid of fire – there is no smoke because there is no fire.

ཤིང་ཡོད་ན་མངོན་སུམ་དུ་ངེས་ནུས་ཤིང་། ཤ་པ་མེད་པ་ལ་མངོན་སུམ་གྱིས་ངེས་པ་འདྲེན་མི་ནུས་པའི་ཚེ།
ཤིང་གིས་དག་པའི་བྲག་རྫོང་ན་ཆོས་ཅན། ཤ་པ་མེད་དེ། ཤིང་མེད་པའི་ཕྱིར་ཞེས་པ་ལྟ་བུ།
At the time when one can directly ascertain if there were trees but cannot induce ascertainment through direct perception with respect to the non-existence of Aśoka trees, then:
The subject – on a craggy cliff devoid of trees – there are no Aśoka trees because there are no trees.

བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་ཆོས་ཅན། བུམ་པ་མེད་དེ། བུམ་པ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པ་ལྟ་བུ།
The subject – a place where pot is non-observed by valid cognition – pot does not exist because pot is not observed by valid cognition.

སྟེང་གི་ཆར་དུ་བ་ཡོད་ན་མངོན་སུམ་ལ་སྣང་དུ་རུང་ཞིང་། འོག་གི་ཆར་མེ་ཡོད་ཀྱང་ཕྱིར་རྒོལ་གྱི་མངོན་སུམ་ལ་སྣང་དུ་མི་རུང་བའི་ངོས་བཞི་ཀུན་ནས་བསྐོར་བའི་
དུ་བས་དབེན་པའི་དང་རྭ་བླ་གབ་མེད་པ་ན་ཆོས་ཅན། དུ་བའི་དངོས་རྒྱུ་ནུས་པ་ཐོགས་མེད་མེད་དེ། དངོས་འབྲས་དུ་བ་མེད་པའི་ཕྱིར་ཞེས་པ་ལྟ་བུ།
The subject – in a coverless chimney devoid of smoke and covered on all four sides, where 1) if there were smoke above, then it would be suitable to appear to direct perception and 2) even [if] there was fire below, it would not be suitable to appear to the opponent’s direct perception – smoke’s direct cause with unobstructed potency does not exist because the direct effect, i.e. smoke, does not exist.


Up a level: Correct sign of non-observation of that suitable to appear