Indefinite sign with contradictory remainder

ཁྱོད་དེ་སྒྲུབ་ཀྱི་ཐུན་མོང་གི་མ་ངེས་པའི་གཏན་ཚིགས་གང་ཞིག །རང་ཉིད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་རང་ཉིད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པར་ངེས་རང་ཉིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་ཟ་བ། འགལ་བ་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད།
(Pramanavartika:) Definition:

  1. x is a common indefinite reason in the proof of that, and
  2. the person for whom it holds as the property of the position in the proof of that:
    1. ascertains it as existing in the discordant class in the proof of that and
    2. doubts whether or not it exists in the concordant class in the proof of that

དཔེར་ན། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཆོས་ཅན། ཀུན་མཁྱེན་ཡིན་ཏེ། ངག་སྨྲ་བའི་ཕྱིར། ཞེས་པ་ལྟ་བུ།
For example: The subject – the being opposite who is speaking – they are all-knowing because of speaking.


(Tarig:) Illustration: From the perspective of a person doubting all-knowing, Devadatta the speaker is all-knowing because of speaking.
ཀུན་མཁྱེན་ལ་ཐེ་ཚོམ་ཟ་བའི་གང་ཟག་གི་ངོར། ངག་སྨྲ་བའི་ལྷས་བྱིན་ཆོས་ཅན། ཀུན་མཁྱེན་ཡིན་ཏེ། ངག་སྨྲ་བ་ཡིན་པའི་ཕྱིར།


Up a level: Indefinite sign with remainder in the proof of that