Indefinite sign with remainder in the proof of that
ཁྱོད་དེ་སྒྲུབ་ཀྱི་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་གང་ཞིག ཁྱོད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས།
ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ངེས་ནས། མི་མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་ཟ་བ་དང་། ཁྱོད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པར་ངེས་ནས།
མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་ཟ་བ་གང་རུང་ཡིན་པ་དེ། ཁྱོད་དེ་སྒྲུབ་ཀྱི་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཡིན་པའི་མཚན་ཉིད།
Definition of x being an indefinite sign with remainder in the proof of that:
- x is a common indefinite sign in the proof of that, and
- the person for whom x has become the property of the position in the proof of that is either:
- doubting whether or not x exists in the discordant class, having ascertained that it exists in the concordant class in the proof of that, or
- doubting whether or not x exists in the concordant class, having ascertained that it exists in the discordant class in the proof of that.
ཁྱོད་དེ་སྒྲུབ་ཀྱི་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་གང་ཞིག །ཁྱོ ད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེས།
ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་ཡོད་པར་མ་ངེས་པ། དེ་སྒྲུབ་ཀྱི་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད།
(Pramanavartika:) Definition of an indefinite reason with remainder in the proof of that:
- x is a common indefinite reason in the proof of that, and
- the person for whom x holds as the property of the position in the proof of that does not ascertain x as existing in both the concordant and discordant classes in the proof of that.
Divisions:
- Indefinite sign with correct remainder ཡང་དག་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས།
- Indefinite sign with contradictory remainder འགལ་བ་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས།
(Pramanavartika:) Main difference (etymology): It is an indefinite reason where:
- The person for whom it holds as the property of the position in the proof of that has remaining doubts regarding whether or not it exists in the discordant class in the proof of that, [preventing it from] becoming a correct sign in the proof of that.
ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་འགྱུར་བ་ལ། ཁྱོད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ཁྱོད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་
ཡོད་མེད་ཐེ་ཚོམ་ཟ་བ་ལྷག་མར་ལུས་པའི་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཡིན། - The person for whom it holds as the property of the position in the proof of that has remaining doubts regarding whether or not it exists in the concordant class in the proof of that, [preventing it from becoming] a contradictory sign.
ཁྱོད་དེ་སྒྲུབ་ཀྱི་འགལ་རྟགས་སུ་འགྱུར་བ་ལ། ཁྱོད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་
ཡོད་མེད་ཐེ་ཚོམ་ཟ་བ་ལྷག་མར་ལུས་པའི་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཡིན།
Up a level: Common indefinite sign in the proof of that