Cittamatra

ཕྱི་དོན་ཁས་མི་ལེན་ཅིང་། རང་རིག་བདེན་གྲུབ་ཏུ་འདོད་པའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། སེམས་ཙམ་པའི་མཚན་ཉིད།
Definition: A person propounding Mahayana tenets who does not assert external objects but does assert self-knowers as truly existing.

སེམས་ཙམ་པ་དང་། རྣམ་རིག་པ་དང་། རྣལ་འབྱོར་སྤྱོད་པ་བ་རྣམས་དོན་གཅིག
Cittamatra, Vijñaptimātra, and Yogacara are mutually inclusive.

Divisions:

  1. True Aspectarians རྣམ་བདེན་པ།
  2. False Aspectarians རྣམ་རྫུན་པ།

རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་ནུབ་པའི་སྒོ་ནས་རྟོགས་པར་བྱ་བ། དོན་དམ་བདེན་པའི་མཚན་ཉིད།
Definition of Ultimate Truth: That which is realised by way of the vanishing of dualistic appearances by the direct valid cogniser that directly realises it.

དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་ཀྱི་ཚད་མས་རྙེད་པའི་དོན། དོན་དམ་བདེན་པའི་མཚན་ཉིད།
Definition of Ultimate Truth: The object found by a valid cogniser reasoning consciousness analysing the ultimate.

རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་དང་བཅས་པའི་སྒོ་ནས་རྟོགས་པར་བྱ་བ་དེ། ཀུན་རྫོབ་བདེན་པའི་མཚན་ཉིད།
Definition of Conventional Truth: That which is realised together with dualistic appearances by the direct valid cogniser that directly realises it.

ཐ་སྙད་དཔྱོད་བྱེད་ཀྱི་རིགས་ཤེས་ཀྱི་ཚད་མས་རྙེད་པའི་དོན། ཀུན་རྫོབ་བདེན་པའི་མཚན་ཉིད།
Definition of Conventional Truth: The object found by a valid cogniser reasoning consciousness analysing conventionalities.


Up a level: Tenets