Vātsīputrīya

གནས་པའི་རིགས་ཉིད་ཀྱི་བུད་མེད་ནི་གནས་མ་ཡིན་ལ་དེ་ལས་སྐྱེས་པའི་བུ་ནི་གནས་མའི་བུ་སྟེ། པ་ནི་སྡེ་པ་ཞེས་པའི་དོན་ནོ།
དེའི་རིགས་ཡིན་པར་སྟོན་པ་ནི་གནས་མའི་བུའོ།
Etymology: A woman of the Vatsa lineage is called a Vatsī; a child born to her is called a Vatsīputra; and making it Vātsīputrīya indicates the school. Therefore, it is indicating that they are of that lineage.

ལུགས་འདིས་བརྗོད་དུ་མེད་པའི་གང་ཟག་གི་བདག་ཅིག་ཁས་ལེན་པས་ན་ནང་པའི་གྲུབ་མཐའ་སྨྲ་བ་ཡིན་མ་ཡིན་ལ་མཁས་པ་རྣམས་ཀྱི་ཆད་ཚུལ་མི་མཐུན་པ་(༡༦༤) དུ་མ་ཞིག་བྱུང་བ་ལས་གནས་མ་བུ་པའི་སྡེ་པ་རྣམས་ཀྱིས་བདག་ཕུང་པོ་ལས་ངོ་བོ་ཐ་དད་དུ་བརྗོད་ན་མུ་སྟེགས་པས་འདོད་པའི་བདག་ལྟར་འགྱུར་བ་དང་ཕུང་པོ་མ་བཟུང་བར་བདག་བཟུང་དུ་ཡོད་པར་ཐལ་བ་དང་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་བདག་མེད་པར་གསུངས་པ་དང་ཡང་འགལ་བར་མཐོང་སྟེ་བདག་ཕུང་ངོ་བོ་ཐ་མི་དད་པར་འདོད་དེ་གཉིས་ངོ་བོ་གཅིག་ཏུ་བརྗོད་ནའང་ཕུང་པོ་འཇིག་ན་བདག་ཀྱང་འཇིག་པར་ཐལ་བ་དང་བདག་དུ་མར་འགྱུར་བ་སོགས་ཀྱིས་གནོད་པ་དང་མདོ་དང་ཡང་འགལ་བར་མཐོང་སྟེ་ལས་འབྲས་ཀྱ་རྟེན་དུ་གྱུར་པའི་གང་ཟག་གབ་བདག་ནི་བརྗོད་དུ་མེད་པ་བརྟེན་པ་མཛེས་ཞེས་ཟེར་(ཚད་མའི་དེ་ཉིད་)ལས་མུ་སྟེགས་པ་ལྟར་ཐལ་འགྱུར་ཕྱིར། ། གང་ཟག་ཕུང་པོ་ལས་གཞན་ཡིན། ། དུ་མ་སོགས་འགྱུར་ཕྱིར་དེ་ཉིད། ། མི་ཡིན་དེ་ཕྱིར་བརྗོད་མེད་ལེགས། ། ཞེས་གསུངས་པ་ལྟར་རོ། ། དེས་ན་གནས་མ་བུ་པ་ལ་སོགས་པའི་མང་བཀུར་སྡེ་ང་ལྔས་བདག་བརྗོད་དུ་མེད་པར་ཁས་ལེན་ཅིང་ཕྱག་རྒྱ་བཞིའི་ནང་ཚན་གྱི་ཆོས་ཐམས་ཅད་བདེ་དགེ་ཅེས་པའི་བདག་མེད་ནི་རྟག་གཅིག་རང་དབང་ཅན་གྱི་བད་གིས་སྟོང་འི་བདག་མེད་ལ་བྱེད་དགོས་པས་དེ་ནི་གནམ་མ་བུ་པ་ལ་སོགས་འི་མང་བ༢ར་སྡེ་ལྔས་ཀྱང་ས་ལེན་ཞིང་བདག་མེད་པར་འདོད་པས་ཐུབ་པའི་ལུགས་གཅེས་པར་འཛིན་པའི་བྱེ་མདོ་ཀུན་དང་མཚུངས་ཤིང་གཞན་སྡེ་ནང་ཡང་མིན་ནོ།


Up a level: Vaibhashika