Misc Quotes
Sakyapandita's Excellent Treasure of Good Explanations: ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས། ས་སྐྱ་ལེགས་བཤད་ལས།
རིག་པ་ནངས་པར་འཆི་ཡང་བསླབ། ཚེ་འདིར་མཁས་པར་མ་གྱུར་ཀྱང༌། སྐྱེ་བ་ཕྱི་མར་བཅོལ་བ་ཡི། ནོར་ལ་རང་ཉིད་ལེན་པ་འདྲ།
Train in logic, even if you die tomorrow;
Though you may not come to master it in this life,
It is like a treasure deposited
That you can withdraw in future lives.
མང་པོ་གཅིག་ཏུ་བློ་མཐུན་ན། ཉམ་ཆུང་གིས་ཀྱང་དོན་ཆེན་འགྲུབ། སྲོག་ཆགས་གྲོག་མའི་ཚོགས་འདུས་པས། སེང་གེའི་ཕྲུ་གུ་བསད་ཅེས་གྲགས།
If many are of a single mind,
Even the humble will accomplish great purposes;
It is well known that a gathering collection of ants
Can kill a lion's cub.
Sakya Paṇḍita’s Treasury of Reasoning says: རིགས་གཏེར་ལས།
ས་བོན་ཐོག་མཐའ་ཡོད་མིན་ཡང༌། །མེས་བསྲེགས་པ་ན་ཕྱི་མཐའ་མཐོང༌། དེ་བཞིན་འཁོར་བ་ཐོག་མེད་ཀྱང༌། །བདག་མེད་མཐོང་བས་ཕྱི་མཐའ་འགྲུབ།
Although a seed does not have a beginning,
When burnt by fire, its end is perceived.
Similarly, although Samsara has no beginning
By perceiving selflessness, its end is achieved.
From the Book of Kadam: བཀའ་གདམས་པའི་གཞུང་ལས།
ལྟོ་འགྲངས་ཉི་མ་དྲོད་དུས་ཆོས་པའི་གཟུགས། རྐྱེན་ངན་ཐོག་ཏུ་འབབ་དུས་ཐ་མལ་བ།
When the belly is full and the sun is warm, the form of a practitioner.
When adverse conditions befall, that of an ordinary being.
From the Blue Compendium of Potowa: པོ་ཏོ་བའི་བེའུ་བུམ་སྔོན་པོའི་རྩ་བ་ལས།
བླ་མ་བྱིན་རླབས་ཆེ་དང་ཆུང་བ། དངོས་ལ་མ་ཡིན་རང་ལ་རག་ལས།
The blessings of the lama [being] great or small
Is not in reality, it depends on oneself.
From Gendun Drub’s Excellently Written Praise to Tara: སྒྲོལ་བསྟོད་ལེགས་བྲིས་མ་ལས།
རང་དོན་སྒྲུབ་ལ་ནམ་ཡང་མི་རེ་ཞིང་། གཞན་དོན་འབའ་ཞིག་སྒྲུབ་ལ་གཞོལ་བ་དང་།
སྤྱན་དང་མངོན་ཤེས་སྨྲ་མཁས་བཟོད་པ་སོགས། གཞན་དོན་བྱེད་པའི་རྐྱེན་རྣམས་ཚང་བར་ཤོག
Without ever expecting to accomplished one’s own welfare,
Exclusively dedicated to accomplishing others’ welfare;
May the Eyes, clairvoyances, skill in propounding, patience, and so forth –
The conditions for enacting others’ welfare – be complete!
One of Shakyamuni Buddha’s first five disciples, who asked Brahma the question:
Ashvajit (Skt. Aśvajit; Pali Assaji; Tib. རྟ་ཐུལ།)