Refuge and Bodhicitta
ཕྱོོགས་བཅུ་དུས་གསུམ་གྱིི་དེ་བཞིིན་གཤེགས་པ་ཐམས་ཅད་ཀྱིི་སྐུ་གསུང་ཐུགས་ཡོོན་ཏན་འཕྲིན་ལས་ཐམས་ཅད་ཀྱིི་ངོ་བོར་གྱུར་པ།
ཆོོས་ཀྱིི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩོ་བཞིིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱིི་མངའ་བདག
དྲེིན་ཅན་རྩོ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ།
སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ།
སངས་རྒྱས་ཆོོས་དང་ཚོོགས་ཀྱིི་མཆོོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།
བདག་གིས་སྦྱིན་སོགས་བགྱིིས་པའི་ཚོགས་རྣམས་ཀྱིས། །འགྲོོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག / འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་ཐོབ་ཤོག
དཀོོན་མཆོོག་གསུམ་ལ་བདག་སྐྱབས་མཆི། །སྡིིག་པ་ཐམས་ཅད་སོ་སོར་བཤགས། །འགྲོོ་བའི་དགེ་ལ་རྗེེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིིས་གཟུང༌།
སངས་རྒྱས་ཆོོས་དང་ཚོོགས་མཆོོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱིི།
I go for refuge to the Three Jewels
I confess all negativities individually
I rejoice in the virtue of migrators
And mentally uphold the Buddha's enlightenment.
I go for refuge until I am enlightened
To the Buddha, Dharma, and Supreme Assembly,
In order to accomplish my own and others' welfare
I generate the mind of enlightenment.
།བྱང་ཆུབ་མཆོོག་གི་སེམས་ནི་བསྐྱེད་བགྱིིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོོན་དུ་གཉེར།
།བྱང་ཆུབ་སྤྱོད་མཆོོག་ཡིད་འོང་སྤྱད་པར་བགྱིི། །འགྲོོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག
Having generated the mind of supreme enlightenment
I invite all sentient beings as my guests,
I will gladly train in the supreme conduct of enlightenment,
May I accomplish Buddhahood for the benefit of migrators.
གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཉན་ཐོས་ཞི་བ་འཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་འཁྲིད་མཛད་གང་ཡིན་དང༌། །འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང༌། །གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ་ལོ༑
རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཡང་དག་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ།